[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་འཛམ་གླིང་གི་དྲ་སྦྲེལ་ཚོགས་ཆེན་སྐབས་དྲུག་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-22

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་20ཉིན། འཛམ་གླིང་གི་དྲ་སྦྲེལ་ཚོགས་ཆེན་སྐབས་དྲུག་པ་ཀྲེ་ཅང་གི་ཝུའུ་ཀྲེན་དུ་འཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།

    ཞི་ཅིན་ཕིང་གིས། ད་ལོ་ནི་དྲ་སྦྲེལ་ཐོན་ནས་ལོ་ངོ་50འཁོར་བའི་ལོ་རེད། མིག་སྔར་རེས་འཁོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་གསར་སྒྱུར་ལ་འཕེལ་རྒྱས་ཆེན་པོ་འགྲོ་བ་དང་། མི་ཐབས་རིག་ནུས་དང་། གྲངས་གཞི་ཆེ་མོ། དངོས་སྦྲེལ་དྲ་རྒྱ་སོགས་ལག་རྩལ་གསར་པ་དང་། ཉེར་སྤྱོད་གསར་པ། ལས་སྒོ་གསར་པ་བཅས་འཕེལ་རྒྱས་ཤུགས་ཆེན་འགྲོ་བཞིན་ཡོད་པས། དྲ་སྦྲེལ་ལའང་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་འཕེལ་རྒྱས་ཀྱི་བར་མཐོངས་སྔར་བྱུང་མྱོང་མེད་པ་ཕྲད་ཡོད། དྲ་སྦྲེལ་གོང་འཕེལ་དང་། བེད་སྤྱོད། བཅོས་སྐྱོང་བཅས་ཡག་པོ་བྱས་ནས་དྲ་སྦྲེལ་གྱིས་མིའི་རིགས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་བ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་འགན་འཁྲི་རེད། རྒྱལ་ཁབ་ཁག་གིས་དུས་རབས་ཀྱི་རླབས་རྒྱུན་དང་འགྲོགས་ནས་འཕེལ་རྒྱས་ཀྱི་འགན་འཁྲི་འཁུར་བ་དང་མཉམ་དུ་ཉེན་ཁ་དང་འགྲན་རྩོད་བསུས་ཏེ་དྲ་བའི་བར་མཐོངས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་སྐུལ་འདེད་དང་དྲ་བའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ཐད་འབད་བརྩོན་ལྷོད་མེད་བྱེད་དགོས་ཞེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།