[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་རྒྱལ་སྒྲོལ་ཀུང་སིའི་འགོ་ཁྲིད་པའི་ཆིང་ཏའོ་དབུ་ཚོགས་སྐབས་དང་པོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-21

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན། རྒྱལ་སྒྲོལ་ཀུང་སིའི་འགོ་ཁྲིད་པའི་ཆིང་ཏའོ་དབུ་ཚོགས་སྐབས་དང་པོ་ཧྲན་ཏུང་ཆིང་ཏའོ་རུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།

    ཞི་ཅིན་ཕིང་གིས་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་ལོ་ངོ་40ལྷག་ཙམ་གྱི་ལོ་རྒྱུས་འཕེལ་རིམ་ནང་རྒྱལ་སྒྲོལ་ཀུང་སིས་དེར་ཞུགས་མཁན་དང་། དཔང་པོ་བྱེད་མཁན། ཕན་པ་ཐོབ་མཁན་བཅས་ཀྱི་ཐོག་ནས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད་ཅེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་ཀྲུང་གོས་སྒོ་མོ་འབྱེད་རྒྱ་ཇེ་ཆེར་གཏོང་བ་དང་ཚོང་གཉེར་ཁོར་ཡུག་ཇེ་ཡག་ཏུ་གཏོང་བ་མ་ཟད། གོ་ལ་ཧྲིལ་པོའི་རྒྱལ་སྒྲོལ་ཀུང་སིར་གཏོད་པའི་གོ་སྐབས་ཀྱང་ཇེ་མང་དུ་གཏོང་སྲིད། ང་ཚོས་གོ་ལ་ཧྲིལ་པོའི་ཁེ་ལས་མཁས་ཅན་ཀྲུང་གོར་མ་འཇོག་ལས་དར་བྱེད་པར་ཡོང་ནས་གཉིས་ཁེ་གཉིས་ཕན་མངོན་འགྱུར་ཧུར་ཐག་བྱས་ནས་མཉམ་དུ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པར་དགའ་བསུ་ཞུ་གི་ཡིན་ཞེས་ནན་བཤད་གནང་བ་རེད།

    རྒྱལ་སྒྲོལ་ཀུང་སིའི་འགོ་ཁྲིད་པའི་ཆིང་ཏའོ་དབུ་ཚོགས་སྐབས་དང་པོ་ཚོང་དོན་པུའུ་དང་ཧྲན་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་བྱས་ཤིང་། དབུ་ཚོགས་ཀྱིས“རྒྱལ་སྒྲོལ་ཀུང་སི་དང་ཀྲུང་གོ”བརྗོད་དོན་གཙོ་བོར་བྱས་ནས་སྒོ་རྒྱག་ཚོགས་འདུ་དང་། མཉམ་གཤིབ་གླེང་སྟེགས། མཉམ་ལས་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།