[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་ས་གཤིས་སྤྱི་གླིང་གི་འཛུགས་སྐྲུན་དབུལ་སྐྱོར་འགག་སྒྲོལ་གྱི་དམ་འཛིན་བྱ་གཞི་གལ་ཆེན་དུ་གྱུར་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-21

    ཤིན་ཧྭ་གསར་འགྱུར་ཁང་ནན་ཁྲང་ནས་གློག་འཕྲིན་འབྱོར་གསལ། ས་གཤིས་སྤྱི་གླིང་མང་ཆེ་བ་གསར་བརྗེའི་ཁུལ་རྙིང་དང་། གྲངས་ཉུང་མི་རིགས་འདུས་སྡོད་ཁུལ། ཐག་རིང་ལུང་ཁུག་ས་ཁུལ། ས་ཁུལ་དབུལ་པོ་བཅས་སུ་ཡོད་པས། རང་རྒྱལ་གྱིས་ས་གཤིས་སྤྱི་གླིང་གི་འཛུགས་སྐྲུན་དབུལ་སྐྱོར་འགག་སྒྲོལ་གྱི་དམ་འཛིན་བྱ་གཞི་གལ་ཆེན་དུ་གྱུར་པས། ས་གནས་དེ་གའི་ཡུལ་མིའི་འབབ་འཕར་ལས་ཞུགས་ལ་སྐུལ་འདེད་གཏོང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

    གསར་འགོད་པར་ཚེས་18ཉིན་མཇུག་འགྲིལ་བའི་ཝུའུ་ཀུང་རི་བོའི་འཛམ་གླིང་ས་གཤིས་སྤྱི་གླིང་འཛུགས་སྐྲུན་དང་དབུལ་སྒྲོལ་འགག་སྒྲོལ་གྱི་བགྲོ་གླེང་ཚོགས་འདུ་ནས་ཤེས་རྟོགས་བྱུང་གསལ། ཉེ་བའི་ལོ་ཤས་རིང་། ས་གཤིས་སྤྱི་གླིང་འཛུགས་སྐྲུན་ལ་ས་གནས་སྲིད་གཞུང་དང་མང་ཚོགས་ཀྱིས་ཁས་ལེན་རྒྱ་ཁྱབ་ཐོབ་ཅིང་། རྒྱལ་ཁབ་ས་གཤིས་སྤྱི་གླིང་དང་འཛམ་གླིང་ས་གཤིས་སྤྱི་གླིང་འཛུགས་སྐྲུན་གྱིས་ས་གནས་དེ་གའི་དབུལ་སྒྲོལ་འགག་སྒྲོལ་གྱི་འཕེལ་རིམ་ལ་སྐུལ་འདེད་ཐེབས་ནས། དབུལ་སྒྲོལ་ཕྱུག་འགྱུར་གྱི་ཕུགས་ཕན་ལམ་སྲོལ་རགས་ཙམ་ཆགས་ཡོད་པ་རེད།

    འཛམ་གླིང་ས་གཤིས་སྤྱི་གླིང་དྲ་རྒྱའི་གཞུང་དོན་ཁང་གི་ཀྲུའུ་རེན་ཧོ་ཆིང་ཁྲེང་གིས། ས་གཤིས་སྤྱི་གླིང་འཛུགས་སྐྲུན་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཐོན་པའི་ནུས་པ་ཁོང་དུ་ཆུད་ཆེད། དེ་སྔའི་རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའི་ཁོར་ཡུག་སིས་ས་གཤིས་སྤྱི་གླིང(གཏེར་རི་སྤྱི་གླིང)ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་བརྟག་ཞིབ་ཀྱི་གྲུབ་འབྲས་ལས་མངོན་དོན། ས་གཤིས་སྤྱི་གླིང་220ལ་2014ནས་2016ལོའི་བར་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་ཆ་སྙོམས་འཕར་ཚད་12.4%ཟིན་ཡོད་པ་རེད། ས་ཁུལ་དབུལ་པོའི་ས་གཤིས་སྤྱི་གླིང་དང་དེ་བཞིན་དེའི་ཤུགས་རྐྱེན་ཁྱབ་ཁོངས་ཀྱི་དུད་ཚང་དབུལ་པོ་ཁྲི་37.6ལ་མཚོན་ན། ས་གཤིས་སྤྱི་གླིང་གིས་ཉུང་མཐར་ཡང་དུད་ཚང་དབུལ་པོ་ཁྲི་10ཡན་ལ་ལས་ཞུགས་ལས་གཏོད་ཀྱི་ཆ་རྐྱེན་མཁོ་འདོན་བྱེད་ཐུབ་ཡོད་པ་དང་། ས་གཤིས་སྤྱི་གླིང་འཕེལ་རྒྱས་ཕྱིན་ཚེ་ད་དུང་མགྲོན་ཁང་དང་ཟ་ཁང་སོགས་ལ་འགྲུལ་པ་མཁོ་འདོན་ཐུབ་ནས། འཛད་སྤྱོད་ཁྲོམ་ར་ཅུང་ཆེན་པོ་ཆགས་ཏེ། ས་ཁུལ་དབུལ་པོའི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་ཐུབ། “ས་གཤིས་སྤྱི་གླིང་འཛུགས་སྐྲུན་བྱས་པ་ལས་ད་དུང་སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་ལེན་སྔར་བས་ཡག་པོ་ཐུབ་ནས། སྣོད་བཅུད་ཞན་པའི་ས་ཁུལ་དབུལ་པོའི་དཔལ་འབྱོར་འཕེལ་རྒྱས་ཡག་པོ་འགྲོ་སྲིད”ཅེས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།