[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་པུར་ཀ་རི་ཡ་དང་། རོ་མ་ནི་ཡ། ཅེ་ཁེ། སི་ལོ་ཝ་ཁེ། ཧང་ག་རི། ཕོ་ལན་བཅས་རྒྱལ་ཁབ་དྲུག་གི་གཙོ་བདག་དང་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་སྤྲིངས་རེས་གནང་བ།

    ལི་ཁེ་ཆང་གིས་རྒྱལ་ཁབ་དྲུག་གི་ཙུང་ལི་དང་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་སྤྲིངས་རེས་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-09

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་4ཉིན་ནས་ཚེས་7ཉིན་བར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུར་ཀ་རི་ཡ་དང་། རོ་མ་ནི་ཡ། ཅེ་ཁེ། སི་ལོ་ཝ་ཁེ། ཧང་ག་རི། ཕོ་ལན་བཅས་རྒྱལ་ཁབ་དྲུག་གི་གཙོ་བདག་དང་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་སྤྲིངས་རེས་གནང་ནས་ཀྲུང་གོ་དང་རྒྱལ་ཁབ་དྲུག་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ་རེད།

    ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་རྒྱལ་ཁབ་དྲུག་གི་སྲིད་གཞུང་དང་མི་དམངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་སྨོན་འདུན་བཟང་པོ་ཞུས་ཤིང་། ཞི་ཅིན་ཕིང་གིས་རྒྱལ་ཁབ་དྲུག་པོ་ནི་ཀྲུང་གོ་གསར་པ་ཁས་ལེན་བྱེད་མཁན་སྔ་ཤོས་དང་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འཛུགས་མཁན་སྔ་ཤོས་ཀྱི་རྒྱལ་ཁབ་གྲས་ཤིག་རེད། ཕྱི་འབྲེལ་བཙུགས་ནས་ལོ་ངོ་70སོང་རིང་ཀྲུང་གོས་རྒྱལ་ཁབ་དྲུག་པོ་དང་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཉིས་ཁེ་གཉིས་ཕན་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་ཕྱོགས་གཉིས་པོའི་ཕྱི་འབྲེལ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་རྒྱལ་ཁབ་དྲུག་གི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་བསྐྲུན་ཡོད། མིག་སྔར། ཕྱོགས་གཉིས་པོའི་མཐོ་རིམ་འགྲོ་འོང་ཟབ་པ་དང་ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་མ་ཟད། མི་ཆོས་རིག་གནས་སྤེལ་རེས་དེ་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད། དུས་རབས་གསར་པར་ཀྲུང་གོ་དང་རྒྱལ་ཁབ་དྲུག་གི་འབྲེལ་བར་དེ་བས་ཡངས་པའི་མདུན་ལམ་གསར་པ་འཕྲད་ཡོད། ངས་རྒྱལ་ཁབ་དྲུག་གི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད་ལ་རྒྱལ་ཁབ་དྲུག་གི་གཙོ་བདག་དང་མཉམ་དུ་འབད་བརྩོན་བྱས་ནས་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བ་དེ་འགོ་འཛུགས་ས་གསར་པར་བྱས་ཏེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཀྲུང་གོ་དང་ཡོ་རོབ་དབུས་ཤར་གྱི་རྒྱལ་ཁབ་དབར་གྱི་མཉམ་ལས་གོ་སྐབས་ཡག་པོ་སྤྱད་ནས་སྲོལ་རྒྱུན་གྱི་མཛའ་གྲོགས་མཉམ་ལས་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

    རྒྱལ་ཁབ་དྲུག་གི་གཙོ་བདག་གིས་ལོ་ངོ་70ཡི་རིང་རང་སོ་སོའི་རྒྱལ་ཁབ་དང་ཀྲུང་གོའི་དབར་གྱི་ཕྱོགས་གཉིས་པོའི་འབྲེལ་བར་དུས་ཚོད་དང་རྒྱལ་སྤྱིའི་འགྱུར་ལྡོག་གི་ཉམས་སད་ཐེག་པ་མ་ཟད། འཕེལ་རྒྱས་མྱུར་པོ་དང་གཡུར་ཟའི་གྲུབ་འབྲས་ཀྱང་ཐོབ་ཡོད། རྒྱལ་ཁབ་དྲུག་པོས་ཀྲུང་གོའི་དེང་རབས་ཅན་གྱི་འཛུགས་སྐྲུན་དང་ཀྲུང་གོའི་ཕུགས་མདུན་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ནང་ཀྲུང་གོར་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་ཚད་མཐོའི་བསྔགས་བརྗོད་དང་། ཀྲུང་གོ་དང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་མ་ཟད། སྲོལ་རྒྱུན་མཛའ་གྲོགས་ལ་གཅེས་འཛིན་བྱས་ཏེ། ཀྲུང་གོ་དང་ཕྱོགས་གཉིས་པོའི་སྤེལ་རེས་དང་མཉམ་ལས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་དབར་གྱི་མཉམ་ལས་ཟམ་མི་ཆད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།