[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2019ལོའི་འཛམ་གླིང་གི་བཟོ་སྐྲུན་ལས་རིགས་ཚོགས་ཆེན་གྱི་གན་འཇོག་རྣམ་གྲངས་ལ་མ་འཇོག་བྱེད་ཚད་བསྡོམས་སྒོར་དུང་ཕྱུར་7000ལྷག་ཙམ་ཟིན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-09

    ཤིན་ཧྭ་གསར་འགྱུར་ཁང་ཧོ་ཧྥེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། 2019ལོའི་འཛམ་གླིང་གི་བཟོ་སྐྲུན་ལས་རིགས་ཚོགས་ཆེན་གྱི་གྲུབ་འབྲས་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། ད་ཐེངས་ཀྱི་ཚོགས་ཆེན་ལ་གཅིག་སྡུད་ཐོག་རྣམ་གྲངས་638ལ་གན་རྒྱ་བཞག་པ་དང་མ་འཇོག་བྱེད་ཚད་བསྡོམས་སྒོར་དུང་ཕྱུར་7351ཟིན་ཞིང་། རྣམ་གྲངས་ཀྱི་གྲངས་འབོར་དང་མ་འཇོག་བསྡོམས་འབོར་གཉིས་ཀ་ན་ནིང་གི་ཚོགས་ཆེན་ལས་46%དང་64%སོ་སོར་འཕར་ཡོད་པ་རེད།

    འདི་ལོའི་ཚོགས་ཆེན་ལ་གཅིག་སྡུད་ཐོག་གན་རྒྱ་བཞག་པའི་རྣམ་གྲངས་ནང་འདུས་གྲུབ་གློག་ལམ་དང་། མངོན་ཤེལ་གསར་པ། རིག་ནུས་དུད་སྣེ། འཕྲུལ་མི། སྤྱི་སྤྱོད་མཁའ་འགྲུལ། འཁོར་ལམ་འགྲིམ་འགྲུལ། རྒྱུ་ཆ་གསར་པ། སྐྱེ་དངོས་གསོ་རིག ནུས་རྒྱུ་གསར་པ། ནུས་རྒྱུ་གསར་པའི་རླངས་འཁོར། ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ལས་རིགས་ཚུད་ཡོད། གན་འཇོག་རྣམ་གྲངས་ནང་བཟོ་སྐྲུན་ལས་རིགས་རྣམ་གྲངས་ཀྱི་གྲངས་འབོར་དང་མ་འཇོག་གྲངས་འབོར་གཉིས་ཀྱིས་བསྡོམས་འབོར་གྱི་87%དང་86%སོ་སོར་བཟུང་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།