[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གིས་བརྡ་ཐོ་བཀྲམ་སྟེ།

    “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་རིང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས་པ་བསྟན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-30

    ཉེ་ཆར། ཀྲུང་དབྱང་གི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གིས《“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་རིང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས་པའི་སྐོར་གྱི་བརྡ་ཐོ》བཀྲམ་པ་རེད། དེའི་ནང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་རིང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་རྒྱལ་གཅེས་ཀྱི་སྤྲོ་སེམས་འཕེལ་བ་དང་། དུས་རབས་གསར་པར་འབད་འབུངས་མདུན་སྐྱོད་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ། ཏང་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་ད་ལྟ་སྒྲུབ་བཞིན་པའི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱེད་དགོས་པ་བསྟན་ཡོད།

    བརྡ་ཐོའི་ནང་སློབ་སྦྱོང་སློབ་གསོའི་རིང་ཏང་ཡོན་ལས་བྱེད་པས་ཏང་ལ་དགའ་ཞེན་དང། མེས་རྒྱལ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་གཅིག་གྱུར་ཡོང་རྒྱུར་ཁྲིད་སྟོན་བྱེད་དགོས་ཤིང་། ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་སློབ་སྦྱོང་སློབ་གསོའི་གཞི་རྩའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་གཏན་འཁེལ་བྱས་པའི་དཀར་ཆག་ཇི་མ་ཇི་བཞིན་དུ་སློབ་སྦྱོང་བྱེད་པ་དང་དུས་མཚུངས་དུས་རབས་གསར་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ་དེ་སློབ་སྦྱོང་སློབ་གསོའི་ནང་དོན་གལ་ཆེན་དུ་བརྩིས་ནས་མི་སྒེར་གྱི་རང་སྦྱོང་དང་བགྲོ་གླེང་སྤེལ་རེས་སོགས་བརྒྱུད་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་དུས་རབས་གསར་པའི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་ལེན་ཚད་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་ཐོག་མའི་བསམ་འདུན་གྱི་འགན་འཁྲིའི་ཚོར་ཤེས་ཟབ་ཏུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

    བརྡ་ཐོའི་ནང་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པའི་ཁྲོད་ཏང་ཡོན་ལས་བྱེད་པའི་རྒྱལ་གཅེས་ཀྱི་སྤྲོ་སེམས་འཕེལ་བར་བྱེད་དགོས་ཤིང་། 

    ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཐག་ཉེ་ས་དང་སྟབས་བདེ་སར་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་གྲུབ་འབྲས་འགྲེམས་སྟོན་ལ་ལྟ་སྐོར་བྱེད་པར་འཁྲིད་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སོགས་ཀྱི་བྱེད་སྒོར་ལྟ་བ། ས་ཁུལ་དེ་གའི་གསར་བརྗེའི་ཐོན་ཁུངས་ཡག་པོ་སྤྱད་དེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞིའི་ནུས་པ་འདོན་སྤེལ་བྱེད་པ། གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བ། གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་པ། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་དང་ཟུང་འབྲེལ་བྱེད་པ། རྒྱལ་གཅེས་རིང་ལུགས་ཀྱི་དྲིལ་བསྒྲགས་སློབ་གསོ་སྤེལ་བ་སོགས་ལོ་ངོ་70ཡི་རིང་རང་རྒྱལ་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་དེ་བས་བྱུང་བའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཉམས་སུ་ལེན་དགོས་པ་ཁ་གསལ་བཏོན་ཡོད།

    བརྡ་ཐོའི་ནང་ཏང་ཡོན་ལས་བྱེད་པའི་རྒྱལ་གཅེས་ཀྱི་སྤྲོ་སེམས་སྒྱུར་འཕེལ་བརྟན་གསུམ་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་སུ་འགྱུར་བར་བྱེད་དགོས། ངར་ཤུགས་སྒྲིམ་པ་དང་ཡག་ཐོག་ཡག་བརྩེགས་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཏང་ཀྲུང་དབྱང་གིས་བཀོད་སྒྲིག་གནང་བའི་ད་ལྟ་བྱེད་བཞིན་པའི་ལས་དོན་ཡག་པོ་སྒྲུབ་པ་དང་ཟུང་འབྲེལ་དང་། འདི་ལོའི་ལས་ཀའི་ལས་འགན་ཁག་ལེགས་སྒྲུབ་དང་ཟུང་འབྲེལ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པ་དང་ཟུང་འབྲེལ། འཐབ་རྩོད་ཀྱི་སྙིང་སྟོབས་ཆེ་རུ་གཏོང་བ་དང་རང་འགུལ་ངང་འགན་འཁྲི་འཁུར་ཕོད་པ། བྱས་རྗེས་འཇོག་ཕོད་པ་བཅས་བྱས་ནས། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་འཕེལ་བའི་རྒྱལ་གཅེས་ཀྱི་སྤྲོ་སེམས་ལས་གནས་ལ་གཞི་ཚུགས་པ་དང་ལས་དོན་ལ་ཧུར་བརྩོན་བྱེད་པའི་བྱ་སྤྱོད་དངོས་སུ་འགྱུར་བ་དང་། དགག་སྒྲོལ་དཀའ་སེལ་དང་ལས་སྒྲུབ་ལས་གཏོད་ཀྱི་ཕན་འབྲས་དངོས་སུ་འགྱུར་བར་བྱེད་དགོས་པའི་ནན་བཤད་བྱས་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།