[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཁྲུང་ཆིང་ལེང་ཕིང་ཆུས་ཀྱིས་ལྗང་མདོག་ཐོན་ལས་ལ་བརྟེན་ནས་དཔལ་འབྱོར་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-14

    651952_yis_1565674157585.jpg

    ཁྲུང་ཆིང་གྲོང་ཁྱེར་ལེང་ཕིང་ཆུས་ཀྱིས“སྣོད་བཅུད་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས”ཀྱི་འདུ་ཤེས་ལག་ལེན་ཧུར་ཐག་བསྟར་ནས་སྦགས་བཙོག་ཚབས་ཆེ་བ་དང་། ཕན་འབྲས་དམའ་བ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་འབུར་དུ་ཐོན་པ་བཅས་ཀྱི་ཁེ་ལས་60ལྷག་ཙམ་སྔ་རྗེས་སུ་སྒོ་རྒྱག་ཏུ་བཅུག་པ་རེད། དེ་དང་ཆབས་ཅིག་སྒོ་བརྒྱབ་པའི་ཁེ་ལས་ཀྱི་བཟོ་ཁང་རྙིང་པ་དང་བེད་མེད་རྒྱུ་ནོར་ཕན་སྒྱུར་བྱས་ཏེ་འདུས་གྲུབ་གློག་ལམ་དང་། རིག་ནུས་འཛིན་ཆས། ལྷད་མེད་བཟའ་བཅའ། སྨྱུག་བཟོས་ཐོན་རྫས་ལས་སྣོན་སོགས་ཀྱི་གསར་དར་ཁེ་ལས་ཁག་ཅིག་ནང་འདྲེན་བྱས་ཏེ་ལྗང་མདོག་ཐོན་ལས་ལ་བརྟེན་ནས་ས་གནས་དེ་གའི་དཔལ་འབྱོར་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས་སྣོད་བཅུད་དང་དཔལ་འབྱོར་གཉིས་ཀར་ཕན་འབྲས་མངོན་གསལ་ཐོན་ཞིང་། འདི་ནི་ཟླ་8ཚེས་11ཉིན། ལེང་ཕིང་ཆུས་ཕིང་ཅིན་གྲོང་རྡལ་ཤིན་ཆའོ་སྡེ་ཁུལ་གྱི་ཁྲུང་ཆིང་རུའེ་ཧའེ་སྨྱུག་རྩལ་ཚད་ཡོད་ཀུང་སིའི་འཁེལ་འཐག་འཁོར་ཁང་ནང་བཟོ་པས་སྨྱུག་བཟོས་ལྒང་བཞུའི་ཐོན་རྫས་ཀྱི་སྤུས་ཚད་ལ་ལྟ་བཤེར་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།