[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ལི་ཆི་མཱ”ཡིས་ཞིང་ཆེན་དང་གྲོང་ཁྱེར་9ཡི་མི་ཁྲི་897ལ་གནོད་འཚེ་བཟོས་པ།

    ​རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་རྗེས་ཐོན་དྲག་ཆར་ལ་ཁ་གཏད་གཅོག་པའི་ལས་དོན་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-14

    གསར་འགོད་པས་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱས་པར། ཚེས་12ཉིན་གྱི་ཕྱི་དྲོའི་ཆུ་ཚོད་4པ་ཙམ་བར། རྒྱ་མཚོའི་རླུང་འཚུབ“ལི་ཆི་མཱ”ཡིས་ཀྲེ་ཅང་དང་། ཧྲང་ཧའེ། ཅང་སུའུ། ཧྲན་ཏུང་། ཨན་ཧུའེ། ཧྥུའུ་ཅན། ཧོ་པེ། ལེའོ་ཉིང་། ཅི་ལིན་བཅས་ཞིང་ཆེན(གྲོང་ཁྱེར)9ཡི་མི་ཁྲི་897ལ་གནོད་འཚེ་བཟོས་པ་དང་། མི་ཁྲི་171.3ཛ་དྲག་ངང་གནས་སྤོས་བཀོད་སྒྲིག(མི་ཁྲི་138.8བདེ་འཇགས་ངང་ཕྱིར་ལོག་བྱས་པ)བྱས་པ། ཁང་པ་5300ཙམ་བརྡིབས་པ། ཁང་པ་ཁྲི་4.2ཙམ་ལ་ཚད་གཞི་མི་འདྲ་བའི་གཏོར་སྐྱོན་ཕོག་པ། ཞིང་ལས་སྐྱེ་དངོས་སྤྱི་ཆིང་སྟོང་531ཙམ་ལ་གནོད་འཚེ་ཕོག་ཡོད། ཀྲེ་ཅང་དང་། ཧྲང་ཧའེ། ཅང་སུའུ། ཧྲན་ཏུང་སོགས་ཀྱི་མེ་ཟོན་བཀོད་འཐབ་པ་ཁྲི་3ལྷག་ཙམ་གྱིས་ཉེན་སེལ་གེགས་སེལ་ལ་ཐེངས་6177ཞུགས་ནས་མང་ཚོགས་8843ཉེན་ཁ་ལས་བསྐྱབས་པ་དང་གནས་སྤོ་རུ་བཅུག་པ་རེད།

    ཚེས་12ཉིན་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས། “ལི་ཆི་མཱ”བྱང་དུ་བསྐྱོད་པའི་དྲག་ཆར་འབབ་པར་ཁ་གཏད་གཅོག་པའི་ལས་དོན་བཀོད་སྒྲིག་བྱས་པ་དང་། རྗེས་ཐོན་རྒྱ་མཚོའི་རླུང་འཚུབ་ལས་འབབ་པའི་དྲག་ཆར་གྱིས་ཤྭ་འོད་དང་། རི་ཉིལ་བ། འདམ་རྡོའི་ཆུ་རུད། གཙང་པོ་འབྲིང་ཆུང་གི་རགས་ཁ་ཤོར་བ། གྲོང་ཁྱེར་དུ་ཆུ་འཁྱིལ་བ་སོགས་ཀྱི་གནོད་འཚེ་ཐོན་སླ་བའི་ནན་བཤད་བྱས་པ། ས་གནས་ཁག་གིས་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་ལ་ཤུགས་སྣོན་བརྒྱབ་སྟེ་གཙང་པོ་དང་མཚེའུ་གལ་ཆེན་ལ་རགས་རྒྱག་པ་དང་། ཆུ་མཛོད་དང་། ཆུ་ཤུགས་གློག་ཁང་། ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་ལྡན་ས་བཅས་ལ་སྐོར་ཞིབ་བཅའ་སྲུང་དང་འཕྲལ་སྡོམ་ཉེན་སེལ་གྱི་ལས་འགན་དོན་འཁྱོལ་བྱེད་དགོས་པ་དང་། མི་སྣ་འདུ་འཛོམས་བྱ་ཡུལ་ལ་དམ་པོར་དམིགས་པ། རིའི་མདུན་ངོས་དང་། ཁང་པའི་རྒྱབ་ངོས། གཙང་པོའི་ངོགས་གཉིས་ཀྱི་ཁང་པའི་བདེ་འཇགས་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ། ཉེན་གྱར་མང་ཚོགས་མཐའ་གཅིག་ཏུ་གནས་སྤོ་བཀོད་སྒྲིག་བྱེད་པ། དགོས་ངེས་སྐབས་སུ་ལས་མཚམས་བཞག་ནས་མི་སྣ་ཕྱིར་འཐེན་གྱི་བྱ་ཐབས་འཕྲལ་ཐག་ཆོད་པོས་སྤྱོད་པ་བཅས་བྱེད་དགོས། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་རྒྱལ་ཁབ་རུ་ཁག་དང་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་བྱས་ཏེ་ཉེན་ཁ་ཐོན་སྲིད་པའི་གཙོ་གནད་ས་ཁུལ་དུ་སྟོབས་ཤུགས་སྔོན་ནས་བཀོད་སྒྲིག་བྱས་ནས་གནད་སྨིན་དང་ལས་ཕྱོད་ཆེན་པོས་རོགས་སྐྱོབ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།