[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ནང་སོག་སུའུ་ཉི་ཐེ་ཡིའུ་ཆིའི་ཨུ་ལན་མུའུ་ཆི།

    ནམ་ཡང་རྩྭ་ཐང་གི“གསར་བརྗེའི་རིག་རྩལ་རྟ་དམག”བྱེད་པ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།   ཧྥེ་ཝེ་ཝེ་དང་ཝུའུ་ཡུང་གིས།    |    སྤེལ་དུས།   2019-08-13

    ▲ 2017ལོའི་ནང་ང་ཚོས་འཁྲབ་སྟོན་ཐེངས་187བྱས་པར་103གཤམ་སྐྱོད་བྱས་ནས་འཁྲབ་པ།

    ▲ མི་3གྱིས་རུ་དར་འཚེམ་པའི་གཏམ་རྒྱུད་གཞིར་བཟུང་མི་གསུམ་ཞབས་བྲོ《ཨུ་ལན་མུའུ་ཆིའི་མེ་ཏོག》ཅེས་པ་རང་འགུལ་ངང་གསར་རྩོམ་བྱས་པར་2018ལོའི་ཟླ་9པར་ཀྲུང་གོའི་སོག་པོའི་ཞབས་བྲོ་འགྲན་བསྡུར་ཆེ་མོའི་ནང་རྩོམ་སྒྲིག་འཁྲབ་ཁྲིད་ཕུལ་བྱུང་བྱ་དགའ་དང་འཁྲབ་སྟོན་གྱི་ཟངས་ཀྱི་བྱ་དགའ་རག་པ་རེད།

    ▲ “ལུ་གུ་སྐྱེ་བསུ་དང་། རིམས་ནད་འགོག་བཅོས། གསོ་ཚགས་ལག་རྩལ། ནོར་ལུག་གི་རིམས་ནད་བརྟག་དཔྱད། རིན་གོང་འཕེལ་ཚུལ་སོགས་ཧ་ཅང་མང་པོ་འདུག དེ་དག་བཤད་ཚར་རྗེས་ཡང་འབྲོག་པ་ཁག་གཅིག་གིས་ཁང་པའི་ཕྱི་རོལ་དུ་ངའི་མཐའ་སྐོར་ནས་འདྲི་ཡི་འདུག་ཅེས་ཨེར་ཏེ་མུ་ཐུའུ་ཆི་ཡིས་བཤད། 

    ▲ ལོ་60ལྷག་ཙམ་གྱི་ལོ་རྒྱུས་འཕེལ་རིམ་བརྒྱུད་པའི་ཨུ་ལན་མུའུ་ཆིའི་རུ་མི་རེ་རེས་ཐོག་མའི་ཀུན་སློང་རྒྱུན་བསྐྱངས་ཡོད། “སྤྱི་ཁྱབ་ཧྲུའུ་ཅིས་འཕྲིན་ལན་སྤྲིངས་རྗེས་ང་ཚོ་མི་རེའི་སེམས་སུ་དྲོད་ཁོལ་ལྡན་པའི་མེ་ཕུང་ལྟ་བུ་འབར་བཞིན་ཡོད། ངས་ཚེ་གང‘གསར་བརྗེའི་རིག་རྩལ་རྟ་དམག’བྱས་ནས་ཨུ་ལན་མུའུ་ཆིའི་བྱ་གཞག་ཆེད་ལེགས་སྐྱེས་མང་ཙམ་འབུལ་རྒྱུ་ཡིན། དཀའ་ཚེགས་ཇི་ལྟར་ཆེ་ཡང་སྐྱིད་སྣང་ལྡན”ཞེས་པ་ཐུའུ་ཁྲའོ་ལུའུ་ཡིས་འཛུམ་བཞིན་བཤད།

    ཟླ་7པའི་སུའུ་ཉི་ཐེ་རྩྭ་ཐང་དུ་ཉི་འོད་རབ་ཏུ་འཚེར་བ་དང་། “ཨུ་ལན་མུའུ་ཆི”ཞེས་པའི་ཡིག་འབྲུ་ཆེན་པོ་བཞི་འཁོད་པའི་འགྲུལ་སྐྱེལ་རླངས་འཁོར་ཆེ་མོ་ས་རྡོའི་ལམ་དུ་ཡམ་ཡོམ་ངང་ཆི་སྲིད་གཞུང་གནས་ཡུལ་དང་བར་ཐག་སྤྱི་ལེ་136ཙམ་ཡོད་པའི་སའེ་ཧན་ཝུའུ་ལི་ཅི་སུའུ་མུའུ་ཡི་སྲིད་འཛིན་གྲོང་ཚོ་ཨེ་ཧིན་ཝུའུ་སུའུ་རུ་བསྐྱོད།

    རང་རྒྱལ་གྱི་གསར་བརྗེའི་རིག་རྩལ་རུ་ཁག་དང་པོ་ཐོན་ཡུལ་ཏེ། ནང་སོག་ཤིས་ལིན་ཀོ་ལེ་མོང་སུའུ་ཉི་ཐེ་ཡིའུ་ཆི་ཡི་ཨུ་ལན་མུའུ་ཆི་སླར་ཡང་གཤམ་སྐྱོད་འཁྲབ་སྟོན་ལ་བསྐྱོད། འདི་ནི་ད་ལོའི་འཁྲབ་སྟོན་68པ་དེ་ཡིན་ཞིང་། ད་ཐེངས་སྲིད་འཛིན་གྲོང་ཚོ་བཅུ་གྲངས་ཁ་ཤས་ལ་འགྲོ་དགོས་ཀྱི་ཡོད།

    “སྔ་དྲོ་ཏང་གི་ཉིན་མོའི་བྱེད་སྒོ་ཡོད། དེ་ནས་འབྲོག་པའི་ཚོགས་ཆེན་འཚོགས་ནས་གྲོང་དོན་ཡོངས་བསྒྲགས་བྱས་ཚུལ་ཤོད་དགོས་ལ་རྩྭ་ར་དང་གཟན་ཆག་བགོ་བཤའ་རྒྱག་རྒྱུར་གྲོས་བསྡུར་ཡང་བྱེད་དགོས། མི་མང་པོ་ཡོད་པས་འབྲོག་པ་ཚོས་ང་ཚོའི་ཨུ་ལན་མུའུ་ཆི་གདན་འདྲེན་རོགས་ཟེར་གྱི་འདུག དེ་ལྟར་འབྲེལ་བ་བྱས་མ་ཐག་རུ་དཔོན་མོང་ཁེ་ཡིས་རུ་མི་རྣམས་ཁྲིད་དེ་ཕེབས་སོང”ཞེས་གྲོང་དཔོན་ཐུང་དགའ་ལ་དགའ་ཡིས་དགའ་ཚོར་ཆེན་པོས་བཤད།

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2017ལོའི་ཟླ་11ཚེས་21ཉིན་ང་ཚོར་འཕྲིན་ལན་སྤྲིངས་རྗེས་ཚང་མར་ཧུར་སེམས་མཛད་མཐའ་མེད་པ་སྐྱེས་བྱུང་། ན་ནིང་ང་ཚོས་འཁྲབ་སྟོན་ཐེངས་187བྱས་པར་103གཤམ་སྐྱོད་བྱས་ནས་འཁྲབ་པ་ཡིན། དེ་སྔ་གནམ་གཤིས་ཡག་དུས་གཞི་ནས་གཤམ་སྐྱོད་ལ་འགྲོ་གི་ཡོད། ད་ཆ་འབྲོག་པ་ཚོར་དགོས་མཁོ་ཡོད་ཕྱིན་ང་ཚོས་སྐོང་གང་ཐུབ་བྱེད་ཀྱི་ཡོད”ཅེས་སུའུ་ཉི་ཐེ་ཡིའུ་ཆི་ཨུ་ལན་མུའུ་ཆིའི་རུ་དཔོན་མོང་ཁེ་ཅི་རེ་དགའ་ལཱ་ཡིས་ང་ཚོར་བཤད་བྱུང་།

    “འཕྲིན་ལན་ལས་ང་ཚོར་གསར་རྩོམ་གྱི་ཁ་ཕྱོགས་གསལ་པོ་ཆགས་སོང”

    སུའུ་ཉི་ཐེ་ཡིའུ་ཆིའི་ཨུ་ལན་མུའུ་ཆི་ནི་1957ལོའི་ཟླ་6ཚེས་17ཉིན་བཙུགས་ཤིང་། རྒྱལ་ཡོངས་ཀྱི“གསར་བརྗེའི་རིག་རྩལ་རྟ་དམག”དང་པོ་དེ་ཡིན། ཨུ་ལན་མུའུ་ཆི་བཙུགས་ནས་ལོ་60འཁོར་བའི་མཚམས་སུ་ཚང་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་སྙན་སེང་ཞུ་རྒྱུའི་བསམ་འདུན་ཞིག་ཡོད།

    “བསམ་ཡུལ་ལས་འདས་པར་སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་འཕྲིན་ལན་སྤྲིངས་གནང་འདུག”ཅེས་ལོ་60ལ་སླེབས་པའི་ཀང་པའོ་ལི་ཏའོ་ཡིས་བཤད་ཅིང་། ཁོང་ནི་སུའུ་ཉི་ཐེ་རྩྭ་ཐང་དུ་སྐད་གྲགས་ཡོད་པའི་གཞས་མ་གཏམ་གྱི་འཁྲབ་སྟོན་པ་ཡིན། ཁོང་གིས“སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་བལྟས་པའི་དེ་ཉིན་དགོང་མོ་ངས་ལམ་སེང་འབྲོག་པ་ཚོས་དགའ་ཤོས་བྱེད་པའི་གཞས་མ་གཏམ‘དབྱངས་འབྲེལ’ཞེས་པ་བརྩམས་ནས་སུའུ་ཉི་ཐེ་རྩྭ་ཐང་གི་མི་དེ་བས་མང་བར་ང་ཚོའི་སྤྲོ་སྣང་མཉམ་སྤྱོད་བྱས་པ་ཡིན”ཞེས་བཤད།

    གླུ་གཞས་དང་། དབྱངས་འབྲེལ་གཞས་མ་གཏམ། རོལ་ཆ་དཀྲོལ་གཏོང་། ཞབས་བྲོ་བཅས་ནི་ཨེ་རེན་ནོའར་སུའུ་མུའུ་ཡི་སྲིད་འཛིན་གྲོང་ཚོ་ཨར་ཧྲེན་ཐུའུ་ཡི་རྩྭ་ཐང་དུ་ལེ་ཚན་རེ་རེ་བཞིན་འཁྲབ་སྟོན་བྱས། ས་རྒྱ་ཆུང་བས་འབྲོག་པ་རྣམས་རུབ་རུབ་ཀྱིས་བསྡད་པ་དང་། ཁག་གཅིག་གིས་ད་དུང་ཆེད་མངགས་དུས་ཆེན་གཏོང་སྐབས་ཀྱི་མི་རིགས་ཀྱི་གཟབ་མཆོར་སྤྲས་འདུག མཇུག་ཏུ་ལུས་པའི་མི་རྣམས་ཟུར་དུ་ལངས་ནས་བསྡད་པ་དང་། མི་མི་ཉུང་བ་ཞིག་གིས་ལྟ་ཀྱིན་དུ་ཁ་པར་ནས་པར་བླངས། ལེ་ཚན་གཅིག་རྫོགས་རིམ་བཞིན་སྤྲོ་སེམས་འཁོལ་བའི་དགའ་བསུ་དང་དགའ་འབོད་གྲགས། གླུ་གར་གྱི་དབྱིངས་སུ་ཚུད་པའི་སྐབས་འབྲོག་པ་ཁག་གཅིག་དགའ་སྤྲོའི་སེམས་པ་མནན་མ་ཐུབ་པར་མཉམ་དུ་གཞས་བཏང་།

    “གཤམ་སྐྱོད་འཁྲབ་སྟོན་བྱེད་རིམ་བཞིན་ཁྱིམ་དུ་ལོག་པ་ལྟར་སྣང་བ་སྐྱིད་པོ་འདུག རྩྭ་ཐང་དུ་ཞབས་བྲོ་འཁྲབ་ནས་རྐང་ཚིགས་ཐེངས་ག་ཚོད་དོན་པ་ཤོད་རྒྱུ་མེད། ཡིན་ནའང་ཇི་ཙམ་སོང་ན་ང་དེ་ཙམ་གྱིས་ཨུ་ལན་མུའུ་ཆི་ནས་བྲལ་འདོད་མི་འདུག འབྲོག་པ་ཚོར་དགོས་མཁོ་ཡོད་པ་དང་ཁོང་ཚོས་དགའ་པོ་བྱེད་པའི་ཚོར་སྣང་ཧ་ཅང་སྐྱིད་པོ་འདུག”ཅེས་ཞབས་བྲོ་འཁྲབ་མཁན་ཧོང་ཞའོ་ཡུན་གྱིས་བཤད་ཅིང་། ཁོ་མོ་སྒྱུ་རྩལ་སློབ་གྲྭ་ནས་མཐར་ཕྱིན་རྗེས་ཧྲེན་ཀྲེན་དུ་ལས་ཀ་ལོ་གཅིག་བྱས་མྱོང་བ་དང་། དང་ཐོག་ཕ་ཡུལ་དུ་ལོག་ནས་ཨུ་ལན་མུའུ་ཆིར་ཞུགས་སྐབས་དེ་ཙམ་འཕྲོད་པོ་མ་བྱུང་། ཁོ་མོ་དེ་སྔ་ཞབས་བྲོའི་རྩོམ་ཁྲིད་པ་མ་ཡིན་ཞིང་། ན་ནིང་ཁོ་མོས་རབས་དང་པོའི་ཨུ་ལན་མུའུ་ཆིའི་བུད་མེད་རུ་མི་3གྱིས་རུ་དར་འཚེམ་པའི་གཏམ་རྒྱུད་གཞིར་བཟུང་མི་གསུམ་ཞབས་བྲོ《ཨུ་ལན་མུའུ་ཆིའི་མེ་ཏོག》ཅེས་པ་རང་འགུལ་ངང་གསར་རྩོམ་བྱས་པར་2018ལོའི་ཟླ་9པར་ཀྲུང་གོའི་སོག་པོའི་ཞབས་བྲོ་འགྲན་བསྡུར་ཆེ་མོའི་ནང་རྩོམ་སྒྲིག་འཁྲབ་ཁྲིད་ཀྱི་ཕུལ་བྱུང་བྱ་དགའ་དང་འཁྲབ་སྟོན་གྱི་ཟངས་ཀྱི་བྱ་དགའ་རག་པ་རེད།

    “སྤྱི་ཁྱབ་ཧྲུའུ་ཅིས་འཕྲིན་ལན་སྤྲིངས་རྗེས་ཚང་མའི་སྤྲོ་སེམས་རབ་ཏུ་འཕེལ་ཞིང་། མཚན་ཚོགས་གཅིག་འཚོགས་པར་དེ་སྔ་ཟླ་གསུམ་འགོར་བ་ནས་ད་ཆ་རང་འགུལ་ངང་ལས་དུས་འཕར་མ་བྱས་ཏེ་ཉིན་20ཡི་ནང་མཚན་ཚོགས་གཅིག་གི་ལེ་ཚན་གྲ་སྒྲིག་བྱེད་ཐུབ་ཀྱི་ཡོད”ཅེས་འདི་ལོ་ལོ་58ལ་སླེབས་པའི་རུ་མི་རྒན་གྲས་ཨུ་ལི་ཅིས་ཐུའུ་ཡིས་གསར་འགོད་པར་བཤད། རྒན་ཡོལ་ཞུ་གྲབས་ཡོད་པའི་ཁོང་ཡང་ན་གཞོན་ཚོ་དང་འདྲ་བར་ཧུར་སེམས་ཀྱིས་ཁེངས་ཤིང་། ན་ནིང་ཟླ་3པར་བརྩམས་པའི་དབྱངས་འབྲེལ་གཞས་མ་གཏམ《ཁྲིམས་སྲུང་གི་སྤྱི་དམངས་ཡག་པོ》ཞེས་པ་ད་བར་ཐེངས་100ལྷག་ཙམ་འཁྲབ་ཡོད།

    སྤྱི་ཚོགས་ཀྱི་ཞབས་ཞུ་གཅིག་ཏུ་གྲགས་པའི་ཨུ་ལན་མུའུ་ཆི།

    སྙན་འཇེབས་ལྡན་པའི་པི་ཝང་གི་སྒྲ་དང་། སྒྲ་དབྱངས་མཐོ་དམན་གྱི་གཞས་མ་གཏམ། དབྱངས་དང་ཉམས་འགྱུར་གཅིག་ཏུ་མངོན་པའི་འཁྲབ་སྟོན་བཅས་ཁྱབ་པའི་སྲིད་འཛིན་གྲོང་ཚོ་ཨེ་ཧིན་ཝུའུ་སུའུ་རུ་གསར་འགོད་པར་རྒན་ཡོལ་ཞུ་གྲབས་ཡོད་པའི་ཀང་པའོ་ལི་ཏའོ་སླར་ཡང་ཐུག་བྱུང་།

    ཁོང་སུའུ་ཉི་ཐེ་ཡིའུ་ཆིའི་ཨུ་ལན་མུའུ་ཆིར་ཞུགས་ནས་ལོ་43སོང་བ་དང་། མུ་མཐུད་རུ་ཁག་ནང་བསྡད་དེ་སློབ་མར་མཛུབ་ཁྲིད་དང་གསར་རྩོམ་བྱས་ཆོག་ཀྱང་། ད་ཆ་ཉིན་ལྟར་གཤམ་སྐྱོད་འཁྲབ་སྟོན་ལ་འགྲོ་སྐབས་ཀང་པའོ་ལི་ཏའོ་ཡིས་འགྲོ་ཆོག་པའི་རེ་འདུན་ཞུས་ཏེ“སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཆུད་ཟོས་སུ་གཏོང་མི་རུང”ཞེས་ཤོད་ཀྱི་ཡོད། ཀང་པའོ་ལི་ཏའོ་ཡིས་དེ་ཉིན་འཁྲབ་པ་ནི་ཁོ་རང་གིས་གསར་རྩོམ་བྱས་པའི་དབྱངས་འབྲེལ་གཞས་མ་གཏམ《ཁྲིམས་སྐྱོང་གི་ལྕགས་ཁུར་ལ་བརྟེན་ནས་ངན་པ་རྩ་མེད་དུ་གཏོང》ཞེས་པ་དེ་རེད།

    “ཁོང་གིས་བཏང་བ་དེ་ག་རང་རེད། ང་ཚོས་བཅའ་ཁྲིམས་ལ་བརྟེན་ནས་ཁྲིམས་མཐུན་ཁེ་དབང་སྲུང་ཐུབ་པ་དགོས། འཁྲབ་སྟོན་ལྟ་བ་ཙམ་མ་ཟད་ད་དུང་ཤེས་བྱ་མང་པོ་ཤེས་ཀྱི་འདུག”ཅེས་འབྲོག་པ་ཨེར་ཏེང་པ་ཐེར་གྱིས་གསར་འགོད་པར་བཤད་ཅིང་། ཨུ་ལན་མུའུ་ཆི་ཡོང་བའི་སྐོར་ཐོས་མ་ཐག་ཁོང་ཚོ་ནང་མི་གསུམ་དགའ་དགའ་སྤྲོ་སྤྲོའི་ངང་སྤྱི་ལེ་6ཆོད་པའི་ས་ནས་སྲིད་འཛིན་གྲོང་ཚོ་དེར་ཡོང་བ་རེད།

    སྙིང་གཏམ་གྱི་ཞོར་ལ་གནས་ལུགས་ཤོད་པ་དང་འཁྲབ་སྟོན་གྱི་ཞོར་ལ་སློབ་གསོ་གཏོང་བ། ཐུང་དགའ་ལ་དགའ་ཡིས་ཚང་མར་གྲོང་དོན་ཡོངས་བསྒྲགས་ཀྱི་ནང་དོན་དྲ་ཐོག་ཏུ་སྤེལ་ཡོད་པས་ཕྱིས་སུ་གྲོང་ཚོར་ཡོང་མི་དགོས་པར་ལག་ཐོགས་ཁ་པར་ནས་ལྟ་ཐུབ། “དེ་རིང་ཨུ་ལན་མུའུ་ཆིའི་འཁྲབ་སྟོན་རུ་མི་ཡོད་པས་མ་ཤེས་པ་ཡོད་ན་ཁོང་ཚོར་བསླབ་རོགས་ཞུས”ཞེས་བཤད།

    རྒྱ་ཆེའི་ཞིང་འབྲོག་པ་ཚོར་དགའ་སྤྲོ་དང་ཤེས་དཔལ་བརྒྱུད་སྤེལ་དང་ཏང་གི་གསུང་སྒྲ་དང་ཐུགས་ཁུར་བརྒྱུད་སྤྲོད་བྱེད་པ་ནི་ཨུ་ལན་མུའུ་ཆིས་ཐོག་མཐའ་བར་གསུམ་དུ་རྒྱུན་འཛིན་བྱེད་པའི་སྲོལ་རྒྱུན་བཟང་པོ་རེད།

    2018ལོའི་ལོ་མཇུག་ཏུ། ནང་སོག་གིས“ཨུ་ལན་མུའུ་ཆིའི་སྙིང་སྟོབས་དར་སྤེལ་བཏང་ནས་མི་དམངས་ཁྲོད་དུ་བསྐྱོད”པའི་གཞི་རིམ་གྱི་ཕྱོགས་བསྡུས་ཞབས་ཞུའི་བྱེད་སྒོ་སྤེལ་ཞིང་། ཨུ་ལན་མུའུ་ཆི་འཁྲབ་སྟོན་བྱེད་སྐབས། མང་ཚོགས་བལྟོས་བཅས་ཀྱིས་མང་བའི་གོ་སྐབས་བཟུང་ནས། སྡེ་ཚན་མང་པོ་མཉམ་འབྲེལ་གྱིས་སྲིད་ཇུས་སྒྲོག་འགྲེལ་དང་། རིག་གནས་ཟུར་ཁྲིད། སྨན་བཅོས་རོགས་སྐྱོར། ཞིང་འབྲོག་ལས་ཤེས་བྱ་ཁྱབ་གདལ། བཅའ་ཁྲིམས་རོགས་སྐྱོར་སོགས་ཀྱི་ཞབས་ཞུའི་རྣམ་གྲངས་བསྡུ་སྒྲིལ་བྱས་ཏེ་ཐག་རིང་ལུང་ཁུག་ཞིང་འབྲོག་ཁུལ་ལ་ཕྱོགས་བསྡུས་ཞབས་འདེགས་ཞུས་པ་ལས་བྱེད་སྒོ་དེ་སྔར་བས་ཚད་ལྡན་དང་ལམ་ལུགས་ཅན་དུ་གྱུར་ཡོད།

    སུའུ་ཉི་ཐེ་ཡིའུ་ཆི་འབྲོག་ལས་ས་ཚིགས་ཀྱི་ཀྲེན་ཀྲང་ཨེར་ཏེ་མུའུ་ཐུའུ་ཡིས་ངོ་སྤྲོད་བྱས་པར། ཉེ་ཆར། ཕྱོགས་བསྡུས་ཞབས་ཞུ་གཤམ་སྐྱོད་ཀྱི་བྱེད་སྒོ་ཞིག་ལ། ངས་སྐད་ཆ་སྐར་མ་འགའ་བཤད་མ་ཐག་འབྲོག་པ་ཚོས་གནད་དོན་འདྲ་མིན་སྣ་ཚོགས་བློ་འདྲི་བྱེད་ཀྱི་འདུག “ལུ་གུ་སྐྱེ་བསུ་དང་། རིམས་ནད་འགོག་བཅོས། གསོ་ཚགས་ལག་རྩལ། ནོར་ལུག་གི་རིམས་ནད་བརྟག་དཔྱད། རིན་གོང་འཕེལ་ཚུལ་སོགས་ཧ་ཅང་མང་པོ་འདུག དེ་དག་བཤད་ཚར་རྗེས་ཡང་འབྲོག་པ་ཁག་གཅིག་གིས་ཁང་པའི་ཕྱིར་ང་རང་མཐའ་བསྐོར་ནས་འདྲི་ཡི་འདུག ང་ཚོ་ཕྱོགས་བསྡུས་ཞབས་ཞུའི་བྱེད་སྒོར་ཞུགས་པའི་སྡེ་ཚན་ཚང་མས་ཨུ་ལན་མུའུ་ཆི་ཡོད་པས་སྟབས་ལེགས་འདུག་སྙམ་བྱུང་། འབྲོག་པ་ཚོས་ཨུ་ལན་མུའུ་ཆི་ཡོང་བ་ཐོས་མ་ཐག་དེ་མུར་རྒྱུག་ཡོང་གི་འདུག་པས། ང་ཚོ་ཁེར་རྐྱང་གིས་བྱེད་སྒོ་སྒྲིག་འཛུགས་བྱས་པ་ལས་ཡག་པ་འདུག”ཅེས་བཤད།

    “ཚེ་གང‘གསར་བརྗེའི་རིག་རྩལ་རྟ་དམག’ཅིག་བྱེད”

    ཟླ་7ཚེས་10ཉིན་ཚ་གདུག་ཆེ་ཞིང་། ལོ་77ཡིན་པའི་པ་ཐུའུ་ཁྲའོ་ལུའུ་ཡིས་ཧུའུ་ཧོ་ཧའོ་ཐེ་ནས་འགྲུལ་འཁོར་ལ་ཆུ་ཚོད་4རིང་བསྡད་ནས་སུའུ་ཉི་ཐེ་ཡིའུ་ཆི་ལ་བསྐྱོད་པ་རེད། རྒན་ཡོལ་ཞུས་ནས་ལོ་མང་སོང་བའི་ཁོང་ནི་སུའུ་ཉི་ཐེ་ཡིའུ་ཆིའི་ཨུ་ལན་མུ་ཆིའི་རབས་དང་པོའི་རུ་མི་ཡིན་ལ་རུ་དཔོན་ལྔ་པའང་བྱེད་མྱོང་།

    ཕྱི་ཉིན། པ་ཐུའུ་ཁྲའོ་ལུའུ་ཡིས་ཆི་གཞོན་ནུ་ལོ་ཆུང་གི་བྱེད་སྒོ་ལྟེ་གནས་སུ་ཡོང་བ་དང། ཁོང་དང་མཉམ་དུ་ད་དུང་ལོ་4གོང་རྒན་ཡོལ་ཞུས་པའི་ཨུ་ལན་མུའུ་ཆིའི་རུ་དཔོན་དགུ་པ་སི་ཆིན་ཀའོ་ཝ་ཡང་ཡོད་པ་རེད། ཁོང་གཉིས་ཀྱིས་གཟའ་སྤེན་པ་དང་ཉི་མར་ལོ་ཆུང་མཉམ་གཞས་ཚོགས་པའི་སྦྱོང་བརྡར་ལ་ཟུར་ཁྲིད་བྱེད་ཀྱི་འདུག

    འཁྲབ་སྟོན་དང་། དྲིལ་བསྒྲགས། ཟུར་ཁྲིད། ཞབས་ཞུ་བཅས་ནི་ཨུ་ལན་མུའུ་ཆིའི་འགན་ནུས་བཞི་པོ་དེ་ཡིན། ལོ་60ལྷག་གི་ལོ་རྒྱུས་འཕེལ་རིམ་བརྒྱུད་པའི་ཨུ་ལན་མུའུ་ཆིའི་རུ་མི་རེ་རེས་ཐོག་མའི་ཀུན་སློང་གི་རྒྱུན་བསྐྱངས་ཡོད། “སྤྱི་ཁྱབ་ཧྲུའུ་ཅིས་འཕྲིན་ལན་སྤྲིངས་རྗེས། ང་ཚོ་མི་རེའི་སེམས་སུ་མེ་འབར་བ་ལྟ་བུའི་གསོན་ཤུགས་ཤིག་འཕེལ། ངས་ཚེ་གང་པོར‘གསར་བརྗེའི་རིག་རྩལ་རྟ་དམག’ཅིག་བྱས་ནས་ཨུ་ལན་མུའུ་ཆིའི་བྱ་གཞག་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན། དཀའ་ཚེགས་ཇི་ལྟར་ཆེ་ཡང་སྐྱིད་སྣང་ལྡན”ཞེས་པ་ཐུའུ་ཁྲའོ་ལུའུ་ཡིས་འཛུམ་མུལ་མུལ་དུ་བཤད།

    སུའུ་ཉི་ཐེ་ཡིའུ་ཆིའི་ལོ་ཆུང་མཉམ་གཞས་ཚོགས་པ་2017ལོར་བཙུགས་ནས་རུ་མི་40ལྷག་ཡོད་པ་དང་། སློབ་ཆུང་ལོ་རིམ་3པ་དང་5པའི་ནང་ནས་བདམས་པ་ཡིན་ལ། ་ཕལ་ཆེ་བ་ནི་འབྲོག་ཁུལ་ནས་ཡོང་བའི་བྱིས་པ་ཤ་སྟག་རེད། ན་ནིང་གི་ཟླ་7པར། ཁོང་ཚོ་ཀྲུང་གོ་རྒྱལ་སྤྱིའི་མཉམ་གཞས་དུས་ཆེན་སྐབས་བཅུ་བཞི་པར་ཞུགས་ནས་གདེང་འཇོག་ཡག་པོ་ཐོབ་ཡོད། ཕྱིར་ལོག་རྗེས་ཁོ་ཚོས་འབྲོག་པ་མང་ཚོགས་ལ་གླུ་གཞས་འཁྲབ་སྟོན་ཐེངས་མང་བྱས་པས“ཨུ་ལན་མུའུ་ཆི་བ་ཆུང་ཆུང”ཞེས་གྲགས།

    སྙན་འཇེབས་འགྱུར་ཁུག་ལྡན་པའི་གླུ་སྒྲ་ལས། སུའུ་ཉི་ཐེ་རྩྭ་ཐང་གི་གཡའ་དག་པའི་ཨ་སྔོན་དང་ལང་ལོང་དུ་རྒྱུ་བའི་སྤྲིན་དཀར་བློ་ངོར་འཆར།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།