[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་དགུ་ཡིས་གྲོང་གསེབ་ཀྱི་འཚོ་བའི་ཆུ་སྙིགས་གཙང་གསིང་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་བཀྲམ་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-17

     “ཡུལ་བབ་དང་བསྟུན་པ་དང་། གོམས་སྲོལ་ལ་བརྩི་འཇོག གཙང་གསིང་བྱེད་དགོས་རིགས་གཙང་གསིང་གང་ཐུབ་བྱེད་པ། བེད་སྤྱོད་སྔོན་དུ་བྱེད་པ། ས་ཆ་དེ་རང་དང་ཐག་ཉེ་སའི་སྣོད་བཅུད་འཁོར་རྒྱུག་ཡོང་ཐབས་བྱེད་པ། རིམ་པ་བཞིན་སྐུལ་འདེད་གཏོང་བ། འཛུགས་སྐྲུན་དང་དོ་དམ་གལ་ཆེ་མཉམ་དུ་འཛིན་པ། ཞིང་དུད་སྐུལ་སློང་བྱེད་པ། ཕན་འབྲས་ཡུན་རིང་ཐོན་པ”བཅས་ཀྱི་གཞི་རྩའི་བསམ་ཕྱོགས་ལ་གཞིགས་ནས། ཚེས་15ཉིན་ཀྲུང་དབྱང་ཞིང་ལས་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་དང་། ཞིང་ལས་གྲོང་གསེབ་པུའུ། སྣོད་བཅུད་ཁོར་ཡུག་པུའུ། སྡོད་ཁང་འཛུགས་སྐྲུན་པུའུ། ཆུ་བེད་པུའུ། ཚན་རྩལ་པུའུ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། ནོར་སྲིད་པུའུ། དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་བཅས་སྡེ་ཚན་དགུས་མཉམ་འབྲེལ་ཐོག《གྲོང་གསེབ་ཀྱི་འཚོ་བའི་ཆུ་སྙིགས་གཙང་གསིང་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ་རེད།

    《བསམ་འཆར》ནང་བཏོན་དོན། 2020ལོར་སླེབས་སྐབས་ཤར་རྒྱུད་ས་ཁུལ་དང་། དབུས་ནུབ་རྒྱུད་ཀྱི་གྲོང་ཁྱེར་ཉེ་འདབས་སོགས་ཀྱི་རྨང་གཞི་ལྡན་པ་དང་ཆ་རྐྱེན་ཡོད་པའི་ས་ཁུལ་གྱི་གྲོང་གསེབ་ཀྱི་འཚོ་བའི་ཆུ་སྙིགས་གཙང་གསིང་བྱེད་ཚད་མངོན་གསལ་དོད་པོས་མཐོ་རུ་བཏང་ནས་གྲོང་ཚོའི་ནང་བཙོག་ཆུ་གང་བྱུང་དུ་རྒྱུག་པ་དང་འབུད་གཏོང་བྱེད་པའི་སྣང་ཚུལ་སྤྱིར་ན་མེད་པར་བཟོས་ཏེ། དོ་དམ་སྲུང་སྐྱོང་ལམ་སྲོལ་གཞི་རྩའི་ཆ་ནས་འཛུགས་རྒྱུ་དང་། དབུས་ནུབ་རྒྱུད་ཀྱི་རྨང་གཞི་ཅུང་ཡག་པ་དང་གཞི་རྩའི་ཆ་རྐྱེན་ལྡན་པའི་ས་ཁུལ་དུ་གྲོང་གསེབ་ཀྱི་འཚོ་བའི་ཆུ་སྙིགས་གང་བྱུང་དུ་འབུད་གཏོང་བྱེད་པར་དོ་དམ་ཚོད་འཛིན་ནུས་ལྡན་བྱས་ནས་ཆུ་སྙིགས་གཙང་གསིང་ལ་ཕན་འབྲས་རགས་ཙམ་ཐོན་རྒྱུ། ཐག་རིང་ལུང་ཁུག་དང་དཔལ་འབྱོར་འཕེལ་རྒྱས་འགྲོ་འགོར་བ་སོགས་ཀྱི་ས་ཁུལ་གྱི་གྲོང་གསེབ་ཀྱི་འཚོ་བའི་ཆུ་སྙིགས་གང་བྱུང་དུ་འབུད་གཏོང་བྱེད་པའི་སྣང་ཚུལ་མངོན་གསལ་དོད་པོས་ཉུང་དུ་གཏོང་རྒྱུ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།