[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྣོད་བཅུད་ཤིང་འབྲས་འདེབས་འཛུགས་བྱས། ཞིང་པ་དབུལ་པོ་དབུལ་སྒྲོལ་བྱུང་།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-12

    641136_yis_1562822933253_s.jpg

    འདི་ནི་2019ལོའི་ཟླ་7ཚེས་10ཉིན། ཅང་ཤིས་ཞིང་ཆེན་དབྱི་ཁྲུན་གྲོང་ཁྱེར་དབྱི་ཧྥུང་རྫོང་ཤིན་ཀྲོན་གྲོང་རྡལ་ཁའོ་ཤིས་གྲོང་ཚོར་ཡུལ་སྐོར་བས་རྒུན་འབྲུམ་འདེབས་འཛུགས་རྟེན་གཞི་ནས་རྒུན་འབྲུམ་འཐུ་བཞིན་པ།

    ཉེ་བའི་ལོ་ཤས་རིང་། དབྱི་ཁྲུན་གྲོང་ཁྱེར་དབྱི་ཧྥུང་རྫོང་གིས་ཞིང་ལས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་རིང་། སྣོད་བཅུད་ཤིང་འབྲས་ཐོན་ལས་དང་གྲོང་གསེབ་ཀྱི་ཡུལ་སྐོར་གཉིས་མཉམ་འདྲེས་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་ཤིང་། མིག་སྔར། རྫོང་དེའི་རྒུན་འབྲུམ་དང་། ཁམ་སེར། སྤྲེའུ་ཁམ་བཅས་ཀྱི་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་1.5ཟིན་པ་དང་། ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་2ཙམ་ཟིན་པ། ཞིང་དུད་380དབུལ་སྒྲོལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།