[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སློབ་གསོ་པུས་ས་གནས་ཁག་གཅིག་གི་གཏན་འབེབས་ལས་འགལ་བའི་གསོ་སྦྱོང་བྱ་སྤྱོད་དེ་བས་མངོན་གསལ་མེད་ལ་ཐོན་སླ་བ་ཡོད་ཅེས་བཤད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-12

    ཟླ་6པའི་ཟླ་མཇུག་ཏུ་སློབ་གསོ་པུས་བརྟག་ཞིབ་ཚོགས་ཆུང་མངགས་ནས་ཞིང་ཆེན་ཁག་ཏུ་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་ཆེད་མངགས་བཅོས་སྒྲིག་བྱེད་པའི་སྤྱིའི་ཕན་འབྲས་དང་། གསོ་སྦྱོང་སྒྲིག་གཞི་ཚད་ལྡན་ངང་གཉེར་སྐྱོང་བྱེད་པ། ཕུགས་ཕན་ལམ་སྲོལ་འཛུགས་པ་བཅས་དང་རྒྱལ་ཡོངས་སུ་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིའི་དོ་དམ་ཞབས་ཞུའི་ལས་སྟེགས་སྤྱོད་ཚུལ་གཙོ་གནད་ཐོག་བརྟག་ཞིབ་བྱས་པ་རེད། སྤྱིའི་ཆ་ནས་བལྟས་ཚེ་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་ཆེད་མངགས་བཅོས་སྒྲིག་བྱས་པར་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད་མོད། འོན་ཀྱང་ས་གནས་ཁག་གཅིག་ཏུ་སྒྲིག་འགལ་ངང་གསོ་སྦྱོང་བྱེད་པའི་རྣམ་པ་དེ་བས་མངོན་གསལ་མེད་ལ་ཐོན་སླ་བ་དང་དེང་བརྒལ་སྐོར་བརྒལ་དབྱེ་འབྱེད་དཀའ་བ་མ་ཟད། ཡང་ཐོན་སླ་བ་སོགས་ཀྱི་གནད་དོན་གནས་ཡོད་པ་བརྟག་ཞིབ་བྱས་པ་ལས་ཤེས་རྟོགས་བྱུང་ཡོད། དེ་ནི་གསར་འགོད་པར་ཚེས་10ཉིན་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བ་ཞིག་རེད། 

    ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་བརྟག་ཞིབ་བྱས་པའི་ཞིང་ཆེན་ནང་པེ་ཅིང་དང་། ཐེན་ཅིང་། ལེའོ་ཉིང་། ཀྲེ་ཅང་། ཧྲན་ཏུང་། ཧུའུ་པེ། ཀོང་ཏུང་། ཁྲུང་ཆིང་། སི་ཁྲོན། ཧྲའན་ཤིས་སོགས་ཡོད་པ་རེད། བརྟག་ཞིབ་བྱས་པའི་གནས་ཚུལ་ལ་བལྟས་ཚེ། ཞིང་ཆེན་10པོ་དེས་འབྲེལ་ཡོད་ལས་ཀའི་བཀོད་སྒྲིག་གཞིར་བཟུང་། བཅོས་སྒྲིག་ལས་དོན་ཏན་ཏིག་ངང་སྤེལ་བ་དང་ཕུགས་ཕན་ལམ་སྲོལ་ཧུར་ཐག་བཙུགས་ཏེ་དོ་དམ་དང་ཞབས་ཞུའི་ལས་སྟེགས་ཕྱོགས་ཡོངས་ནས་ཡག་པོ་སྤྱད་པར་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་པ་དང་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་གསོག་ཐུབ་པ་བྱུང་ཡོད། པེ་ཅིང་གྲོང་ཁྱེར་གྱི་གྲོང་ཁྱེར་དང་ཆུས་རིམ་པ་གཉིས་སློབ་གསོ་ཨུ་ཡོན་ལྷན་ཁང་གིས་ཁྲོམ་རའི་ལྟ་སྡོམ་དང་འཕྲལ་སྡོམ་དོ་དམ་སོགས་སྡེ་ཚན་དང་མཉམ་དུ་སློབ་ཕྱིའི་གསོ་སྦྱོང་ཁྲོམ་རར་ཁྲིམས་འཛིན་ཐེངས་ཁྲི་5ཙམ་བྱས་པ་དང་བྱེད་ཐབས་མཐའ་གཅིག་ཏུ་སྤྱད་དེ་སྤྱི་ཚོགས་ཐོག་ཚུར་སྣང་ལན་ཆ་ཆེ་བའི་ས་ཁུལ་གཙོ་བོ་26ཏུ་སློབ་ཕྱིའི་གསོ་སྦྱོང་བྱེད་ཤུགས་ཆུང་དུ་བཏང་ཡོད། ཐེན་ཅིང་གྲོང་ཁྱེར་ཧོ་ཤིས་ཆུས་ཀྱི་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིས་ཏང་དོན་འབྲེལ་གཏུག་པ་དང་། མེ་ཟོན་བདེ་འཇགས་འབྲེལ་གཏུག་པ། ཡིག་བསྐུར་ངོ་བཅར་འབྲེལ་གཏུག་པ་བཅས་བཀོད་སྒྲིག་བྱས་ཏེ་ཟླ་རེ་བཞིན་གནས་ཡུལ་སྡེ་ཁུལ་གྱི་ཏང་ཡོན་དང་མང་ཚོགས་ཞབས་ཞུའི་ལྟེ་གནས་ནས་ཟླ་དེ་རང་གི་ཏང་འཛུགས་སྐྱོང་གི་འཆར་གཞི་བླངས་ཏེ་དུས་བཀག་ཐོག་ཆུས་མེ་ཟོན་ཉིང་ལག་རུ་ཁག་ལ་མེ་ཟོན་བདེ་འཇགས་ཀྱི་ལས་དོན་སྙན་སེང་ཞུ་བ་དང་ཁྱིམ་བདག་དང་སློབ་མའི་ཞུ་གཏུག་འཕྲལ་མར་ཐག་གཅོད་བྱེད་ཀྱི་ཡོད། ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་གྱིས་གསོ་སྦྱོང་སྒྲིག་གཞིའི་སློབ་ཚན་5ལ“སྐོར་བརྒལ་སློབ་ཁྲིད”དང“སྔ་སྣུར་དུ་སློབ་ཁྲིད” “རྒྱུགས་སྤྲོད་ཤུགས་ཆེ་རུ་གཏོང་བ”བཅས་ཀྱི་ལྡོག་ཕྱོགས་གསལ་ཐོ་བཟོས་ནས་ཐོ་འགོད་སྙན་སེང་དང་། ཞིབ་བཤེར། དག་ཐེར་བཅས་ཀྱི་ཚད་གཞིར་བྱས་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།