[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྤྱི་བདེ་པུས་རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་བཀོད་སྒྲིག་བྱས་ཏེ“སྤྲིན་ཚོགས་རལ་གྲིའི”བྱ་སྤྱོད་སྤེལ་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-17

    སྤྱི་བདེ་པུས་ཚེས་13ཉིན་འཚོགས་པའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཟླ་6ཚེས་13ཉིན་ནས་ཟླ་10ཚེས་31ཉིན་བར“ཁ་བསླུས་ལ་རྡུང་རྡེག་གཏོང་བ་དང་། བྲོས་བྱོལ་ཉེས་ཅན་འཛིན་བཟུང་བྱེད་པ། རྟེན་འབྲེལ་ཆེ་མོའི་བདེ་འཇགས་འགན་ལེན་བྱེད་པ”བཅས་བརྗོད་དོན་གཙོ་བོར་བྱས་པའི“སྤྲིན་ཚོགས་རལ་གྲིའི”བྱ་སྤྱོད་སྤེལ་རྒྱུ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་ཟླ་དང་པོ་ནས་ཟླ་ལྔ་པའི་བར་རྒྱལ་ཡོངས་སུ་ནག་གཤེད་དང་འབྲེལ་བ་ཡོད་པའི་གྱོད་གཞི་542དང་། ངན་གཤེད་ཕྱོགས་གཏོགས་ཀྱི་ཉེས་གསོག་ཚོགས་པའི་གྱོད་གཞི་2179 གློག་འཕྲིན་ཁ་བསླུས་གྱོད་གཞི་ཁྲི་4.4བཅས་མྱུལ་ཞིབ་རྩད་གཅོད་ཐུབ་ནས་རྒྱལ་ཡོངས་ཀྱི་ཉེས་དོན་གྱོད་གཞི་ཐོན་ཚད་དུས་མཚུངས་ལས་6.5%ཆག་པ་དང་ཉེས་དོན་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།