[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་ནད་པ་དེ་བས་མང་བར་གཅིག་སྡུད་ཉོ་སྒྲུབ་སྲིད་ཇུས་ཀྱི་ཕན་བདེ་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱེད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-12

     རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་གསོ་བ་རིག་པའི་ཞབས་ཞུ་དོ་དམ་སིའི་སི་ཀྲང་ཞུང་ཤན་ཅུན་གྱིས་ཚེས་10ཉིན་སྨན་རྫས་གཅིག་སྡུད་ཉོ་སྒྲུབ་ཀྱི་གཞི་ཁྱོན་སྔར་བས་ཆེ་རུ་བཏང་ནས་ནད་པ་དེ་བས་མང་བར་གཅིག་སྡུད་ཉོ་སྒྲུབ་སྲིད་ཇུས་ཀྱི་ཕན་བདེ་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱ་རྒྱུ་རེད་ཅེས་བརྗོད་པ་རེད།

    གོང་གསལ་གྱི་སྐད་ཆ་དེ་ནི་ཞུང་ཤན་ཅུན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི“གསོ་བ་རིག་པ་དང་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུའི་2019ལོའི་གཙོ་གནད་ལས་འགན་གྱི་བརྡ་གཏོང་ཚོགས་འདུའི”ཐོག་བརྗོད་པ་ཞིག་རེད།

    སྨན་རྫས་ཁ་ཤས་ཀྱི་རིན་གོང་ཧམ་སྤོར་བྱས་པ་དེ་ནི“སྨན་རིན་མཐོ་བའི”རྒྱུ་རྐྱེན་གལ་ཆེན་ཞིག་རེད། 2018ལོར་རང་རྒྱལ་གྱིས་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་ནད་པའི་སྨན་རིན་གྱི་ཁུར་པོ་ཡང་དུ་བཏང་བ་དང་སྐྲན་འགོག་སྨན་གྱི་སྨན་བཅོས་འགན་བཅོལ་གྱི་ཆོག་འཐུས་ཆེད་དོན་གྲོས་མོལ་བྱས་པར་སྐྲན་འགོག་སྨན་རིགས་17གྱི་རིན་གོང་ཆེས་ཆེར་བཅག་པ་དང་འབྲེལ་རྒྱལ་ཁབ་སྨན་བཅོས་འགན་བཅོལ་གྱི་དཀར་ཆག་ནང་བཅུག་པ་དང་། རྒྱལ་ཁབ་ཀྱིས་སྒྲིག་འཛུགས་བྱས། སྨན་རྫས་གཅིག་སྡུད་ཉོ་སྒྲུབ་དང་བེད་སྤྱོད་ཚོད་ལྟའི་ས་ཚིགས་25ནས་འདེམས་སྒྲུག་བྱས་པའི་སྨན་རྫས་ཀྱི་ཆ་སྙོམས་རིན་གོང་52%ཆག་པ་དང་སྔོན་དཔག་བྱས་ན་སྨན་རྫས་ཀྱི་འགྲོ་གྲོན་སྒོར་དུང་ཕྱུར་58གྲོན་ཆུང་ཐུབ་པའི་ནང་ནད་པར་སྨན་རྫས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་23ཙམ་གྲོན་ཆུང་ཐུབ་པ་རེད།

    ཞུང་ཤན་ཅུན་གྱིས་2019ལོར་རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་ལེགས་སྒྲིག་བྱས་ཏེ་ནད་ཐོག་རིན་ཐང་མཐོ་བ་དང་རིན་གོང་ཁེ་ལ་ནུས་པ་ཆེ་བའི་སྨན་རྫས་དེ་བས་མང་བ་དཀར་ཆག་ནང་བཅུག་ནས་རྒྱ་ཆེའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་གྱི་ལུགས་དང་མཐུན་པའི་ནད་ཐོག་སྨན་བཅོས་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་བ་དང་ནད་པའི་སྨན་སྤྱོད་པའི་ཁུར་པོ་ནུས་ལྡན་ངང་ཆུང་དུ་གཏོང་རྒྱུ་རེད་ཅེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།