[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་དང་པོ་ནས་ལྔ་པ་བར་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་4.1%འཕར་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-12

    631197_yis_1560230650501_s.jpg

    2019ལོའི་ཟླ་6ཚེས་10ཉིན་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཁྱབ་བསྒྲགས་བྱས་པའི་ཆ་འཕྲིན་ལས་མངོན་པར། འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། འདི་ལོའི་ཟླ་དང་པོ་ནས་ལྔ་པ་བར། རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་12.1ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས(གཤམ་དང་མཚུངས་པ)4.1%འཕར་ཡོད། དེའི་ནང་ཕྱིར་གཏོང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་6.5ཟིན་པ་དེ་6.1%འཕར་བ་དང་། ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་5.6ཟིན་པ་དེ་1.8%འཕར་བ། ཚོང་དོན་གྱི་ཧེ་བག་སྒོར་དུང་ཕྱུར་8933.6ཟིན་ནས་45%ཆེ་རུ་ཕྱིན་ཡོད། ཟླ་ལྔ་པར་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་2.59ཟིན་ནས་2.9%འཕར་ཡོད། དེའི་ནང་ཕྱིར་གཏོང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་1.43ཟིན་ནས་7.7%འཕར་བ་དང་། ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་1.16ཟིན་ནས་2.5%ཆག་པ། ཚོང་དོན་གྱི་ཧེ་བག་སྒོར་དུང་ཕྱུར་2791.2ཟིན་ནས་89.8%ཆེ་རུ་ཕྱིན་ཡོད། འདི་ནི་2019ལོའི་ཟླ་6ཚེས་10ཉིན་ཧྲན་ཏུང་ཆིང་ཏའོ་གྲུ་ཁའི་རང་འགུལ་ཅན་གྱི་གྲུ་ཁར་ཟོག་འདྲེན་གྲུ་གཟིངས་ནས་དོས་སྒམ་འདོན་འཇུག་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།