[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧུའུ་ཁྲུན་ཧྭ་ཡིས།

    ​ གྲོང་གསེབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ཞེས་གསུངས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-12

    རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་བཅོས་སྐྱོང་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལས་དོན་ཚོགས་འདུ་ཉེ་དུས་ཀྲེ་ཅང་ཞིང་ཆེན་ཉིང་པོ་གྲོང་ཁྱེར་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཧུའུ་ཁྲུན་ཧྭ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་གྲོང་གསེབ་ཀྱི་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དང་ལེགས་སུ་བཏང་སྟེ་གྲོང་གསེབ་དར་རྒྱས་ཀྱི་གཞི་རྩ་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཧུའུ་ཁྲུན་ཧྭ་ཡིས་གྲོང་གསེབ་ཀྱི་བཅོས་སྐྱོང་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་གྲོང་གསེབ་ཕྱོགས་ཡོངས་དར་རྒྱས་ཡོང་བ་དང་། ཏང་གིས་གྲོང་གསེབ་ཏུ་སྲིད་འཛིན་པའི་རྨང་གཞི་བརྟན་གཏོང་། ཞིང་པ་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བ་བཅས་ཀྱི་ལྡོག་མེད་བླང་བྱ་ཞིག་ཡིན། གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། གྲོང་ཚོའི་ཏང་རྩ་འཛུགས་ཀྱིས་གྲོང་ཚོ་རིམ་པའི་རིགས་ཁག་གི་རྩ་འཛུགས་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་སྒྲིག་བཀོད་ལེགས་སུ་གཏོང་བ་བཅས་བྱས་ཏེ་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། གྲོང་གསེབ་ཀྱི་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་། འདུམ་འགྲིག སེལ་བ་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། དུས་བདེའི་གྲོང་གསེབ་དང་ཁྲིམས་སྐྱོང་གི་གྲོང་གསེབ་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་བ། གྲོང་གསེབ་སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་སྲུང་སྐྱོང་ཧུར་ཐག་བཅས་བྱེད་དགོས། གྲོང་གསེབ་ཀྱི་ཡུལ་སྲོལ་གོམས་གཤིས་བསྒྱུར་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། གྲོང་སྲོལ་དམངས་ཆིངས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་དྲང་ཕྱོགས་དང་དཔེ་མཚོན་གྱི་སྐུལ་ལྕག་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་པ་རེད།

    ཧུའུ་ཁྲུན་ཧྭ་ཡིས་ཤང་དང་གྲོང་རྡལ་གྱི་དོ་དམ་ཞབས་ཞུའི་ནུས་པར་ཤུགས་སྣོན་རྒྱག་པ་དང་ཤང་དང་གྲོང་རྡལ་ཉིད་གྲོང་གསེབ་ཀྱི་བཅོས་སྐྱོང་ལྟེ་གནས་དང་། གྲོང་གསེབ་ཀྱི་ཞབས་ཞུའི་ལྟེ་གནས། གྲོང་གསེབ་ཀྱི་དཔལ་འབྱོར་ལྟེ་གནས་བཅས་སུ་ཏན་ཏིག་འགྱུར་བ་བྱས་ཏེ་ཤང་དང་གྲོང་རྡལ་ཉིད་གྲོང་གསེབ་ལ་སྣེ་ཁྲིད་བྱེད་པའི་སྣེ་འདྲེན་དུ་འགྱུར་བ་བྱེད་དགོས། འགན་ལེན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་ཀའི་འགན་འཁྲི་དོན་འཁྱོལ་བྱེད་པ། ལས་ཀའི་མཉམ་ཤུགས་ཆགས་པར་བྱེད་པ། ཤེས་ལྡན་མི་སྣའི་འདེགས་སྐྱོར་དང་གཏོང་ཆའི་འགན་ལེན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གྲོང་གསེབ་ཀྱི་བཅོས་སྐྱོང་ནུས་ལྡན་མངོན་འགྱུར་བྱེད་སྟངས་ཡུལ་བབ་དང་བསྟུན་ནས་འཚོལ་ཞིབ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།