[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “གཞོན་ནུ་ལོ་ཆུང་གི་དཔེ་ཀློག་སློབ་གསོའི་གཅེས་སྐྱོང་སྤྱི་ཕན་བྱ་སྤྱོད”པེ་ཅིང་དུ་སྤེལ་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-12

     ཚེས་10ཉིན། དཔེ་དེབ་ཀྱི་དྲི་བསུང་འཐུལ་བའི་ཀྲུང་གོ་པེ་ཅིང་གི་དཔེ་ཀློག་དུས་ཚིགས་ཀྱི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་སོགས་ཀྱིས་འགོ་བརྩམས་པའི“གཞོན་ནུ་ལོ་ཆུང་གི་དཔེ་ཀློག་སློབ་གསོའི་གཅེས་སྐྱོང་སྤྱི་ཕན་བྱ་སྤྱོད”པེ་ཅིང་གྲོང་ཁྱེར་བརྒྱད་གཅིག་སློབ་གྲྭར་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ། པེ་ཅིང་གྲོང་ཁྱེར་བརྒྱད་གཅིག་སློབ་གྲྭའི་སློབ་མའི་འཐུས་མིས་རི་ཁུལ་དབུལ་པོར་དཔེ་དེབ་ཞལ་འདེབས་རྒྱག་རྒྱུའི་གྲོས་འགོ་བཏོན་པ་རེད། ད་དུང་པེ་ཅིང་གི་གསེར་བྱང་དཔེ་ཀློག་ཁྱབ་གདལ་མི་སྣ་དང་དཔེ་ཀློག་རིགས་གཅིག་མཁན་ཅན་གདན་དྲངས་ཏེ། སི་ཁྲོན་ལེའང་ཧྲན་དང་ཀུའེ་ཀྲོའུ་ལེ་ཧྲན་གྱི་རི་ཁུལ་གྱི་དབུལ་ཕོངས་སློབ་གྲྭར་དཔེ་ཀློག་སློབ་གསོའི་འཆད་ཁྲིད་བྱེད་སྒོ་སྤེལ་བ་དང་། གཞོན་ནུ་ལོ་ཆུང་ཚོར“དཔེ་དེབ་མང་པོ་ལྟ་རྒྱུ་དང་། དཔེ་དེབ་ཡག་པོ་ལྟ་རྒྱུ། དཔེ་དེབ་ལ་དགའ་པོ་བྱ་རྒྱུ”བཅས་ཀྱི་ལྕག་སྐུལ་བྱེད་པ། ས་གནས་དེ་གའི་གཞོན་ནུ་ལོ་ཆུང་ལ་དཔེ་དེབ་དང་སྒྲ་བརྙན་གྱི“སྤྱི་ཕན་ཀློག་དེབ”སྤྲོད་པ་བཅས་བྱས་ནས་ཕྲུ་གུ་ཚོར་ཤེས་བྱའི་སྟེགས་བུ་ཞིག་གཏོད་རྒྱུ་དང་དཔེ་དེབ་ཀྱི་དྲི་བསུང་འཐུལ་བའི་སློབ་གྲྭ་ཞིག་ཐུན་མོང་ཐོག་གཏོད་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།