[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་བློ་མཐུན་ཀྲང་ཧྥུའུ་ཆིང་གི་སྔོན་ཐོན་བྱས་རྗེས་ལ་མཛུབ་སྟོན་གལ་ཆེན་གནང་ནས།

    ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དར་སྤེལ་ཧུར་ཐག་བཏང་སྟེ་ཀུན་སེམས་གཅིག་སྒྲིལ་གྱིས་དུས་རབས་གསར་པར་འབད་འཐབ་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-26

    ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཉེ་ཆར་བློ་མཐུན་ཀྲང་ཧྥུའུ་ཆིང་གི་སྔོན་ཐོན་བྱས་རྗེས་ཐད་མཛུབ་སྟོན་གལ་ཆེན་གནང་བ་དང་། དཔའ་བོ་རྒན་གྲས་ཀྲང་ཧྥུའུ་ཆིང་གིས་ལོ་60ཡི་རིང་བྱས་རྗེས་ཆེན་པོ་བཞག་པ་དང་ཚེ་གང་ཐོག་མའི་བསམ་འདུན་བརྟན་སྲུང་དང་རང་གཤིས་མི་འགྱུར་བར་མི་སེམས་འགུལ་བའི་བྱས་རྗེས་བཞག་ཡོད། དཔུང་སྡེའི་ནང་ཁོང་གིས་ཁྱིམ་སྲུང་རྒྱལ་སྐྱོབ་བྱས་པ་དང་། ས་གནས་སུ་སླེབས་རྗེས་མི་དམངས་ལ་ཕན་བདེ་སྐྲུན་ཡོད། ཁོང་གིས་རང་ཉིད་ཀྱི་བབ་ཆགས་ཤིང་ལྷག་བསམ་རྣམ་དག་དང་ཁེ་གྲགས་མི་གཉེར་བའི་ངོ་མཚར་ཆེ་བའི་མི་ཚེའི་ལེའུ་བརྩམས་པས་ཁོང་ནི་རྒྱ་ཆེའི་དཔུང་སྡེའི་དཔོན་དམག་དང་དམག་ཞབས་ཐིམ་པའི་དམག་མིས་སློབ་སྦྱོང་བྱེད་པའི་མིག་དཔེ་ཞིག་རེད། ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དར་སྤེལ་ཧུར་ཐག་བཏང་ནས་ཀུན་སེམས་གཅིག་སྒྲིལ་གྱིས་དུས་རབས་གསར་པར་འབད་འཐབ་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འདི་ལོ་ལོ་95ལ་སླེབས་པའི་ཏང་ཡོན་རྒན་གྲས་ཀྲང་ཧྥུའུ་ཆིང་ནི་དེ་སྔའི་ནུབ་བྱང་ཐང་འཐབ་དམག་གི་ལུའེ་359ཡི་ཐོན་718ཡིང་2པའི་ལན་6པའི་འཐབ་འཛིང་པ་ཞིག་ཡིན་པ་དང་། བཅིངས་འགྲོལ་དམག་འཁྲུག་གི་མཚོན་ནགས་མདེལ་ཆར་ཁྲོད་སྲོག་ཉེན་ལས་ཐར་ཙམ་བྱུང་ནས་སྔ་རྗེས་སུ་རིམ་པ་དང་པོའི་བྱས་རྗེས་ཐེངས་གསུམ་དང་། རིམ་པ་གཉིས་པའི་བྱས་རྗེས་ཐེངས་གཅིག་བཞག་སྟེ་ནུབ་བྱང་ཐང་འཐབ་དམག་གིས“དམིགས་བསལ་རིམ་པའི་བྱས་རྗེས”བཀོད་པ་དང་། “དམག་འཐབ་ཀྱི་དཔའ་བོ”ཞེས་པའི་གཟི་བརྗིད་མཚན་སྙན་ཐེངས་གཉིས་ཐོབ་ཡོད། 1955ལོར་ཀྲང་ཧྥུའུ་ཆིང་དམག་ཞབས་ཐིམ་ནས་ལས་སྒྱུར་བྱེད་སྐབས་རང་འགུལ་ངང་ཧོ་པེ་ཞིང་ཆེན་གྱི་ཐག་རིང་ལུང་ཁུག་གི་ལའེ་ཕུང་རྫོང་དུ་ལས་ཀ་བྱེད་པར་བསྐྱོད་རྒྱུའི་གདམ་ག་བྱས་ནས་རི་ཁུལ་དབུལ་པོར་ཚེ་གང་ལེགས་སྐྱེས་ཕུལ་ཡོད། ལོ་60ལྷག་ཙམ་རིང་ཀྲང་ཧྥུའུ་ཆིང་གིས་བྱས་རྗེས་མཐའ་དག་སྦ་གསང་བྱས་པས་རང་གི་བུ་ཕྲུག་གིས་ཀྱང་ཤེས་ཀྱི་མེད། 2018ལོའི་ལོ་མཇུག་ཏུ་དམག་ཞབས་ཐིམ་པའི་དམག་མིའི་ཆ་འཕྲིན་འཚོལ་བསྡུ་བྱེད་སྐབས་ཀྲང་ཧྥུའུ་ཆིང་གི་བྱས་རྗེས་ཤེས་རྟོགས་བྱུང་ནས་དཔའ་བོའི་སྔར་སོང་གི་བྱས་རྗེས་དེ་དག་མི་ཚོའི་མདུན་དུ་སླར་ཡང་མངོན་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།