[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཤིན་ཅང་ལྷོ་རྒྱུད་ཀྱི་ལྕགས་ལམ་དུ་ཟོག་ཏུན་ཁྲི་ཡི་མེ་འཁོར་གྱི་འཁོར་སྐྱོད་རྒྱུན་རྣམ་ཅན་དུ་གྱུར་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-13

    621348_yis_1557638638686_b.jpg

    ཉེ་ཆར། དངོས་ཟོག་ཏུན་ཁྲི་བླུགས་པའི་མེ་འཁོར་W82523རྟགས་ཅན་དལ་པོར་ཁོར་ལེ་མེ་འཁོར་ས་ཚིགས་ནས་ཐོན་ཏེ་ཨ་ཁེ་སུའུ་མེ་འཁོར་བབས་ཚུགས་སུ་བསྐྱོད་པ་དེ་ཐོག་ནས་ཤིན་ཅང་ལྷོ་རྒྱུད་ཀྱི་ལྕགས་ལམ་དུ་དངོས་ཟོག་ཏུན་ཁྲི་བླུགས་པའི་མེ་འཁོར་གྱི་འཁོར་སྐྱོད་རྒྱུན་རྣམ་ཅན་དུ་གྱུར་པ་མཚོན་ཡོད།

    ཤིན་ཅང་ལྕགས་ལམ་སྡེ་ཚན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཤིན་ཅང་ལྷོ་རྒྱུད་ལྕགས་ལམ་གྱིས་ཟླ་3པར་དངོས་ཟོག་ཏུན་ཁྲི་བླུགས་པའི་མེ་འཁོར་འགྲོ་སྐྱོད་ཀྱི་ཚོད་ལྟ་བྱས་པ་དང་འབྲེལ། ཟླ་5པར་དངོས་སུ་དངོས་ཟོག་ཏུན་ཁྲི་བླུགས་པའི་མེ་འཁོར་སྐྱོད་འགོ་བཙུགས་ནས་ཤིན་ཅང་ལྷོ་རྒྱུད་ཀྱི་ཁོར་ལེ་ནས་ཁཱ་ཧྲེ་དང་ཨ་ཁེ་སུའུ་ནས་ཁཱ་ཧྲེ་སོགས་ལམ་དུམ་བུར་བསྐྱོད་ཐུབ་པ་དང་འཆར་གཞིར་ཉིན་ལྟར་མེ་འཁོར་གཅིག་ནས་གཉིས་བར་གཏོང་རྒྱུ་བྱས་ནས་འགྲུལ་ཟོག་མེ་འཁོར་བདེ་བླག་ངང་ཤར་གཏོང་ཐུབ་ཅིང་། འདི་ནི་ཁོར་ལེ་མེ་འཁོར་བབས་ཚུགས་ནས་དངོས་ཟོག་བླུགས་པའི་མེ་འཁོར་W82523རྟགས་ཅན་ཐོན་གྲབས་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།