[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་རའི་འཛུགས་སྐྲུན་ལ་གང་མགྱོགས་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-13

    2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དུས་ཚོད་ལྡོག་རྩིས་ཀྱི་ཉིན་1000འཆར་ཉེར་ཡོད་པས། གྲབས་གཉེར་ལས་དོན་ཁག་ལ་བརྟན་པོའི་སྒོ་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། འགྲན་རའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཚོད་ལྟའི་འགྲན་བསྡུར་གྱི་གྲབས་གཉེར་ལས་དོན་གྱི་འཕེལ་རིམ་བདེ་བླག་བྱུང་ཡོད།

    621349_yis_1557638638842_b.jpg

    པེ་ཅིང་འགྲན་ཁུལ་གྱི་འགྲན་རའི་རྣམ་གྲངས་ཁྱོན་17ཡོད་པ་དང་། མིག་སྔར་14ལས་འགོ་བཙུགས་པ་དང་2019ལོར་རྣམ་གྲངས་2ལེགས་གྲུབ་ཟིན་རེ་ཡོད། ཡན་ཆིང་འགྲན་ཁུལ་གྱི་རྣམ་གྲངས་ལ་ཁྱོན་འགྲན་ཁུལ་4བསྐྲུན་རྒྱུ་ཡིན་པ་ཚང་མ་ལས་འགོ་བཙུགས་ཟིན་ཡོད། ཀྲང་ཅ་ཁོའུ་འགྲན་ཁུལ་དུ་འཛུགས་སྐྲུན་རྣམ་གྲངས་76ཡོད་པ་དང་67ལས་འགོ་བཙུགས་ཟིན་པ་དང་། དེ་བྱིངས་རྣམ་གྲངས་9འཆར་གཞི་གཞིར་བཟུང་གཅིག་རྗེས་གཉིས་མཐུད་ངང་བསྐྲུན་རྒྱུ་ཡིན་ཞིང་། འདི་ནི་གཞུང་ཕྱོགས་ཀྱིས་མཁོ་འདོན་བྱས་པའི་རྒྱལ་ཁབ་མྱུར་བཤུད་ཁང་གི་ཨར་སྐྲུན་བྱ་ཡུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།