[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཕྱིར་ལོག་པ་ཝུའུ་ཤང་རུང་གིས།

    ལོ་16རིང་བྱེ་ཐང་དུ་གཞི་ཚུགས་ནས་སྔོ་འགྱུར་ནགས་བཟོ་མུའུ་ཁྲི་6བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-13

    2003ལོར་ཝུའུ་ཤང་རུང་རི་པིན་དུ་སློབ་སྦྱོང་བྱས་ནས་རྒྱལ་ནང་དུ་ལོག་པ་དང་། མ་གཞི་རང་ཉིད་མུ་མཐུད་ཟབ་སྦྱོང་དང་ཕྱི་རྒྱལ་གྱི་ཁེ་ལས་སུ་ལས་ཞུགས་བྱེད་པའི་གདམ་ག་བྱས་ཆོག་མོད། འོན་ཀྱང་ཁོང་གིས་རང་ཉིད་ཀྱི་ཕ་ཡུལ་ཏེ་ནང་སོག་རང་སྐྱོང་ལྗོངས་ཨ་ལ་ཧྲན་ཙུའོ་ཆིའི་ཐེང་ཀ་ལི་བྱེ་ཐང་གི་བྱེ་བཅོས་ལས་ཀར་གཞོལ་རྒྱུའི་གདམ་ག་བྱས།

    ཐེང་ཀ་ལི་བྱེ་ཐང་དང་ཧོ་ལན་ཧྲན་རི་བོའི་བརྒྱུད་ནི་བྱེ་རླུང་ལྡང་ཆེ་བ་དང་བྱེ་ཕུང་གཅིག་ལ་གཅིག་སྦྲེལ་ཡིན་པ་མ་ཟད། བྱེ་ཐང་ཤར་ཕྱོགས་སུ་མཐུད་པ་དང་ཧོ་ལན་ཧྲན་རི་བོར་ཐད་སྐྱོད་བྱེད་པའི་བྱེ་རླུང་གི་བགྲོད་ལམ་ཞིག་ཀྱང་རེད། གནས་དེ་གར་ཝུའུ་ཤང་རུང་ལ་བྱེ་དོང་ནང་སྡོད་པ་དང་མོག་མོག་སྐམ་པོ་བཟས་པའི་དཀའ་ངལ་སྣ་ཚོགས་འཕྲད་མྱོང་ལ། ཤིང་སོན་མང་པོ་གསོན་མི་ཐུབ་པའི་བློ་ཕམ་ཡང་སྐྱེས་མྱོང་ཡོད། ཡིན་ནའང་ཁོང་གིས་དེ་དག་ཚང་མ་ཁྱད་བསད་བྱས་ཡོད།

    ལོ་16རིང་། ཝུའུ་ཤང་རུང་དང་ཁོང་གི་ཚོགས་པས་མུའུ་ཁྲི་6ལྷག་ཙམ་གྱི་བྱེ་འགོག་བྱེ་བརྟན་གྱི་ལྗོན་ཤིང་བཙུགས་ཏེ་ཁྱོན་རིང་ཚད་སྤྱི་ལེ་40ཙམ་ཡོད་པའི་མཐའ་སྲུང་སྣོད་བཅུད་གླིང་བསྐྲུན་པས་ས་གནས་དེའི་ཐེང་ཀ་ལིའི་བྱེ་ཐང་ཤར་རྒྱུད་དུ་མ་ཁྱབ་སྔོན་འགོག་ནུས་ལྡན་ཐུབ་ཡོད་པ་རེད།

    621343_yis_1557638637781_b.jpg

    འདི་ནི་ཝུའུ་ཤང་རུང(གཡོན་གྱི་དང་པོ)གིས་དང་བླངས་པ་དང་མཉམ་དུ་ཨ་ལ་ཧྲན་ཙུའོ་ཆིའི་ཐེང་ཀ་ལིའི་བྱེ་ཐང་གི་ཤར་རྒྱུད་དུ་སྡོང་ཕྲུག་འཛུགས་བཞིན་པ།

    621344_yis_1557638637999_b.jpg

    འདི་ནི་ཨ་ལ་ཧྲན་ཙུའོ་ཆིའི་ཐེང་ཀ་ལིའི་བྱེ་ཐང་གི་ཤར་རྒྱུད་དུ་ཝུའུ་ཤང་རུང་གིས་གཟའ་འཁོར་གཉིས་ཀྱི་གོང་དུ་བཙུགས་པའི་མེ་ཏོག་གི་མྱུ་གྱུར་བརྟག་དཔྱད་བྱེད་བཞིན་པ།

    621345_yis_1557638638171_b.jpg

    འདི་ནི་ཐེང་ཀ་ལིའི་བྱེ་ཐང་ཤར་རྒྱུད་ཀྱི་སྣོད་བཅུད་སླར་གསོའི་ཁུལ་ཡིན་པ་དང་མི་རིང་བའི་ས་ནི་ཧེ་ལན་ཧྲན་རི་བོ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།