[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “བུད་མེད་ཀྱི་སེམས་པ་ཏང་ལ་ཕྱོགས། ཀྲུང་གོ་གསར་པར་བསྟོད་གླུ་འབུལ”ཞེས་པའི་མང་ཚོགས་རང་བཞིན་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རྒྱལ་ཡོངས་ཀྱི་སྡེ་ཁུལ་ཆིག་སྟོང་ཙམ་གྱི“བུད་མེད་ཀྱི་ཁྱིམ་ཚང”དུ་སྤེལ་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-15

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་13ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི“བུད་མེད་ཀྱི་སེམས་པ་ཏང་ལ་ཕྱོགས། ཀྲུང་གོ་གསར་པར་བསྟོད་གླུ་འབུལ”ཞེས་པའི་མང་ཚོགས་རང་བཞིན་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཚེས་13ཉིན་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31གྱི་སྡེ་ཁུལ་ཆིག་སྟོང་ཙམ་གྱི“བུད་མེད་ཀྱི་ཁྱིམ་ཚང”དུ་དུས་གཅིག་ཏུ་སྤེལ་བ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་ཀྱི་བྱེད་སྒོས་ས་གནས་ཁག་གི“བུད་མེད་ཀྱི་ཁྱིམ་ཚང”དང་། དུས་རབས་གསར་པའི་ཤེས་དཔལ་ལག་བསྟར་ལྟེ་གནས། བུད་མེད་དང་བྱིས་པའི་བྱེད་སྒོ་ལྟེ་གནས་སོགས་གཡུལ་ས་གཙོ་བོར་བྱེད་པ་དང་། དྲ་སྦྲེལ་གྱིས་ལས་སྟེགས་གཙོ་བོར་བྱེད་པ། “མེས་རྒྱལ་ལ་བསྟོད་གླུ་ལེན་པ་དང་། ཀྲུང་གོའི་གཏམ་རྒྱུད་ཡག་པོ་བརྗོད་པ། རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་མཚོན་པ། མེས་རྒྱལ་གྱི་འཁྲུངས་སྐར་ལ་ཕྱག་རྟགས་འབུལ་བ”བཅས་ནང་དོན་གཙོ་བོར་བྱས་ཏེ་དྲ་ཐོག་དང་དྲ་ཕྱི་གཉིས་ཀའི་ཐོག་ནས་རྒྱ་ཆེའི་བུད་མེད་ཚོས་ལས་གནས་ཐོག་གཞིས་ཚུགས་པ་དང་། ལས་གཏོད་དང་། གསར་གཏོད། ལེགས་གཏོད་བཅས་བྱས་ནས་ཕུལ་བྱུང་གྲུབ་འབྲས་ལ་བརྟེན་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་དགོས་པའི་སྐུལ་མ་བཏང་བ་རེད།

    ཚེས་13ཉིན་གྱི་སྔ་དྲོ་པེ་ཅིང་གྲོང་ཁྱེར་གྲོང་ནུབ་ཆུས་ཏེ་ཧྲེང་ཁྲོམ་གཞུང་གི་ཤིན་ཧྥུང་ཀྲུང་ཀྲི་སྡེ་ཁུལ་དང་། ཁྲའོ་དབྱང་ཆུས་ཧྲི་ཧྥུའུ་ཡིང་ཤིས་ལི་སྡེ་ཁུལ། གྲོང་ཤར་ཆུས་ཏུང་ཧྭ་ཁྲོམ་གཞུང་ནན་ལི་སྡེ་ཁུལ་སོགས་སུ་སྡེ་ཁུལ་གྱི་བུད་མེད་དང་ཁྱིམ་ཚང་གི་ནང་མི་མཉམ་དུ་འཛོམས་ཏེ་གླུ་དབྱངས་བླངས་ནས་རླབས་ཆེན་མེས་རྒྱལ་ལ་བསྟོད་གླུ་འབུལ་བ་དང་གཏམ་རྒྱུད་ཤོད་པར་བརྟེན་ནས་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་མངོན་པར་བྱས་ཏེ་དུས་རབས་གསར་པར་བྱས་རྗེས་འཇོག་རྒྱུར་འབད་འཐབ་བྱེད་པའི་ཆོད་སེམས་མཚོན་པར་བྱས་ཡོད། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྲེན་གཡོད་གཡོད་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་ཧོང་ཞའོ་ཝུའེ་སོགས་ཀྱང་སྡེ་ཁུལ་དེ་དག་ལ་ཕེབས་ནས་བུད་མེད་མང་ཚོགས་དང་མཉམ་དུ་མེས་རྒྱལ་ལ་བསྟོད་གླུ་བླངས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “བུད་མེད་ཀྱི་སེམས་པ་ཏང་ལ་ཕྱོགས། ཀྲུང་གོ་གསར་པར་བསྟོད་གླུ་འབུལ”ཞེས་པའི་མང་ཚོགས་རང་བཞིན་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོར་མུ་མཐུད་སྐུལ་འདེད་བཏང་ནས་རྒྱལ་ཡོངས་ལ་ཁྱབ་པར་བྱས་ཏེ་རྒྱལ་སྟོན་རིང་མཐོ་རླབས་འཕྱུར་བ་བྱ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།