[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པར་ཁྱོན་གྲོས་གཞི་491འབྱོར་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-03-14

     གསར་འགོད་པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་དྲུང་ཡིག་ཁྲུའི་གྲོས་གཞི་ཚོགས་ཆུང་ནས་ཤེས་རྟོགས་བྱུང་བར། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་གཏན་འཁེལ་བྱས་པའི་འཐུས་མིས་བཏོན་པའི་གྲོས་གཞི་མཚམས་འཇོག་གི་དུས་ཚོད་བར་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའི་གྲོས་གཞི་ཚོགས་ཆུང་དུ་འཐུས་མིས་བཏོན་པའི་གྲོས་གཞི་ཁྱོན་491འབྱོར་བ་ལས་འཐུས་མིས་བཏོན་པའི་གྲོས་གཞི་14དང་འཐུས་མིས་མཚན་མཉམ་འགོད་ཀྱིས་བཏོན་པའི་གྲོས་གཞི་477ཡོད་པ་རེད།

    “གསེད་བཀྲོལ་དང་དབྱེ་ཞིབ་རགས་ཙམ་བྱས་པ་བརྒྱུད་འཐུས་མིས་བཏོན་པའི་གྲོས་འགོར་འབྲེལ་ཡོད་ཁྲིམས་འཛུགས་ཐད་ཀྱི་གྲོས་གཞི་487དང་ལྟ་སྐུལ་ཐད་ཀྱི་གྲོས་གཞི་4ཡོད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དྲུང་ཆེ་གཞོན་པ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་དྲུང་ཡིག་ཁྲུའི་གྲོས་གཞི་ཚོགས་ཆུང་གི་ཙུའུ་ཀྲང་ཀུའོ་ཀྲེན་ཧྭ་ཡིས་ངོ་སྤྲོད་གནང་བ་དང་། ཁོང་གིས་གྲོས་གཞི་དེ་དག་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ལ་དམ་པོར་དམིགས་ནས་ཁྲིམས་འཛུགས་བརྒྱུད་ཐབས་ཇུས་དང་འཐབ་ཇུས་གལ་ཆེན་དོན་འཁྱོལ་ལ་སྐུལ་འདེད་དང་འགན་ལེན་བྱས་ཡོད། ནང་དོན་གཙོ་བོ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་བྱེད་པ། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བ་སོགས་ཀྱི་ཐད་གཅིག་སྡུད་བྱས་ཡོད་ཅེས་གསུངས།

    ཀུའོ་ཀྲེན་ཧྭས་ངོ་སྤྲོད་གནང་བར། མིག་སྔར་གྲོས་གཞི་ཚོགས་ཆུང་དུ་འཐུས་མིས་བཏོན་པའི་གྲོས་འགོ་དང་། སྐྱོན་བརྗོད། བསམ་འཆར་བཅས་8000ཙམ་འབྱོར་བ་ལས། འཐུས་མིས་གྲོས་འགོ་བཏོན་པའི་དོ་ཁུར་བྱེད་མང་བའི་གནད་དོན་གཙོ་བོའི་གྲས་སུ། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་པ་དང་། ས་ཁོངས་གལ་ཆེན་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་རྒྱབ་སྐྱོར། ཁེ་ལས་འབྲིང་ཆུང་གི་མ་རྩ་བསྡུ་སྒྲིལ་དཀའ་བ་དང་མ་གནས་མཐོ་བའི་གནད་དོན་ཐག་གཅོད། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱས་ནས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཞན་ཆ་གསབ་པ། རྒན་གསོའི་ཁྲོམ་ར་རྒྱ་སྐྱེད་བཏང་སྟེ་གྲོང་ཁྱེར་གྱི་རྒན་གསོ་བྱེད་དཀའ་བའི་གནད་དོན་ཐག་གཅོད། སྨན་བཅོས་དང་སློབ་གསོ་སྒྱུར་བཅོས་ཟབ་ཏུ་གཏོང་བ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་སོགས་ཚུད་ཡོད།

    “བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡིས་འཐུས་མིའི་གྲོས་གཞི་རེ་རེ་བཞིན་ལ་དབྱེ་ཞིབ་བྱེད་བཞིན་ཡོད། ཐག་གཅོད་བསམ་འཆར་ཞིབ་འཇུག་བྱེད་པ་དང་བཏོན་ནས་བརྒྱུད་རིམ་ལྟར་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པར་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུ་རེད”ཅེས་ཀུའོ་ཀྲེན་ཧྭས་གསུངས་ཤིང་། ཁོང་གིས་འཐུས་མིས་བཏོན་པའི་གྲོས་འགོའི་ཐད་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་གིས་ལེགས་སྒྲིག་དང་ཞིབ་འཇུག་ནན་ཏན་བྱས་ཏེ་འབྲེལ་ཡོད་ཕྱོགས་ཁག་དང་མཉམ་དུ་གཅིག་གྱུར་རྩིས་སྤྲོད་བྱས་ནས་གྱོད་སྒྲུབ་སྤུས་ཚད་མཐོ་རུ་བཏང་སྟེ་མི་དམངས་ཀྱིས་་ང་་ས་ད་པ་དང་། མི་དམངས་དང་ཐད་ཀར་འལ་བ་་ས་ད་པ། མི་དམངས་ལ་འལ་མ་་ས་ཡོད་པ་བཅས་་་ཕན་་གནད་ན་ཐག་གཅོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་རེད་ཅེས་གསུངས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།