[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དཔྱིད་གསར་དུས་ཆེན་ལ་ལྷན་འཛོམས་རྟེན་འབྲེལ་ཞུ་བའི་ཚོགས་འདུ་འཚོགས་པ།

    ཞི་ཅིན་ཕིང་གིས་གསུང་བཤད་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-02-05

    591931_yis_1549254006089.jpg

    ཟླ་2ཚེས་3ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་2019ལོའི་དཔྱིད་གསར་དུས་ཆེན་ལ་ལྷན་འཛོམས་རྟེན་འབྲེལ་ཞུ་བའི་ཚོགས་འདུ་འཚོགས་ཤིང་། འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གསུང་བཤད་གནང་བཞིན་པ།

    591930_yis_1549254004841.jpg

    ཟླ་2ཚེས་3ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་2019ལོའི་དཔྱིད་གསར་དུས་ཆེན་ལ་ལྷན་འཛོམས་རྟེན་འབྲེལ་ཞུ་བའི་ཚོགས་འདུ་འཚོགས་ཤིང་། འདི་ནི་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཀྱིས་རྒྱལ་སའི་ལས་རིགས་ཁག་གི་མི་སྣ་དང་དགའ་སྤྲོ་ལྷན་འཛོམས་ཀྱིས་དཔྱིད་གསར་བསུ་བཞིན་པ།

     ཚེས་3ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མི་དམངས་ཚོགས་ཁང་ཆེ་མོར་2019ལོའི་དཔྱིད་གསར་དུས་ཆེན་ལ་ལྷན་འཛོམས་རྟེན་འབྲེལ་ཞུ་བའི་ཚོགས་འདུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གསུང་བཤད་གནང་ཞིང་། (གསུང་བཤད་ཆ་ཚང་པར་ངོས་གཉིས་པར་བཀོད་ཡོད) ཁོང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། སྤུན་ཟླ་ཐའེ་དབན་བ་དང་ཕྱིར་སྡོད་སྤུན་ཟླ་བཅས་ལ་ལོ་གསར་གྱི་འཚམས་འདྲི་ཞུས་པ་རེད།

    ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ལོ་གསར་ལ་ལྷན་འཛོམས་རྟེན་འབྲེལ་ཞུ་བའི་ཚོགས་འདུར་ཕེབས་པ་དང་། ལི་ཁེ་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    སྔ་དྲོའི་ཆུ་ཚོད་10པ་ཙམ་ལ་དགའ་སྤྲོ་འཁོལ་བའི་རོལ་དབྱངས་ཀྱི་སྒྲའི་ཁྲོད་དུ། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་ཚོམས་ཆེན་དུ་ཕེབས་སྐབས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན།དཔྱིད་ཀར་མེ་ཏོག་བཞད་ཅིང་སྟོན་ཀར་འབྲས་བུ་སྨིན། ལོ་མཇུག་བྱ་གཞག་ཁག་ལ་གཡུར་ཟའི་གྲུབ་འབྲས་ཐོབ། འདས་ཟིན་པའི་ལོ་གཅིག་རིང་། ང་ཚོས་མདུན་སྐྱོད་ཀྱི་ལམ་དུ་ཞུམ་པ་མེད་པར་བརྒྱུགས་ཤིང་། དཀའ་ངལ་སྣ་ཚོགས་ཁྱད་དུ་བསད། དཀའ་ཚེགས་སྣ་ཚོགས་ལས་བསྒྲལ་ཏེ། དཀའ་ཚེགས་ཆེ་ལ་དོན་སྙིང་ཡང་ལྡན་པ་དང་། དཀའ་བ་སྤྱད་ཡོད་ལ་གྲུབ་འབྲས་ཀྱང་ཐོབ་ཡོད། རང་རྒྱལ་གྱི་དཔལ་འབྱོར་བརྟན་ཐོག་ཡར་བརྩོན་བྱུང་བ་དང་། སྒྱུར་བཅོས་སྒོ་དབྱེར་གོམ་སྟབས་གསར་པ་སྤོས་པ། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་སྐུལ་འདེད་ནུས་ལྡན་ཐེབས་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཚན་རྩལ་གསར་གཏོད་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མངོན་གསལ་དོད་པ། དམངས་འཚོའི་བྱ་གཞག་གོང་འཕེལ་མགྱོགས་མྱུར་ཕྱིན་པ། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་ཕྱིན་པ། ཤང་ཀང་དང་ཨའོ་མོན་རྒྱུན་མཐུད་དར་རྒྱས་བརྟན་ལྷིང་བྱུང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་ལེའུ་གསར་པ་བརྩམས་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་བཏང་བ། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་ཐུབ་པ། མི་དམངས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་མུ་མཐུད་ཆེ་རུ་ཕྱིན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་འགོ་ཡག་པོ་ཚུགས་ཡོད།

    ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། “གནམ་གང་ཉིན་མོར་དགའ་འཛོམས་ཀྱིས། ལོ་རྙིང་བསྐྱལ་ནས་ལོ་གསར་བསུ”ལོ་གཅིག་རིང་ལས་ལ་བྲེལ་ནས་ཁྱིམ་དུ་ཕ་མར་སྲི་ཞུ་དང་རྒྱལ་ཁབ་ལ་ལྷག་བསམ་རྣམ་དག་ཞུ་བ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་ཞིག་རེད། རྒྱལ་ཁབ་དར་རྒྱས་གོང་འཕེལ་མ་བྱུང་ཚེ། ཁྱིམ་ཚང་བདེ་སྐྱིད་ཡོང་མི་སྲིད། དེ་དང་འདྲ་བར། ཁྱིམ་ཚང་ཁྲི་སྟོང་མང་པོར་བདེ་སྐྱིད་མ་བྱུང་ཚེ། རྒྱལ་ཁབ་དར་རྒྱས་གོང་འཕེལ་ཡོང་མི་སྲིད། ང་ཚོས་སྤྱི་ཚོགས་ཡོངས་སུ་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་དར་སྤེལ་ཤུགས་ཆེན་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་བ་དང་། རྒྱལ་གཅེས་རིང་ལུགས་དང་། མཉམ་སྡེབ་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། ཁྱིམ་གཅེས་རྒྱལ་གཅེས་གཅིག་གྱུར་དར་སྤེལ་གཏོང་བ་བཅས་བྱས་ནས་མི་ཀུན་དང་ཁྱིམ་ཚང་ཚང་མས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོར་ལེགས་སྐྱེས་འབུལ་དགོས།

    ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། དཔྱིད་གསར་དུས་ཆེན་ནི་ལོ་རྙིང་ཕར་ལ་བསྐྱལ་ནས་ལོ་གསར་ཚུར་ལ་བསུ་བའི་དུས་བཟང་ཞིག་ཡིན་པས། 

    རྟག་ཏུ་མི་རྣམས་ལ་ཕུགས་རེ་གསར་པ་སྦྱིན་གྱི་ཡོད། ད་ལོ་ང་ཚོར་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་དུས་བཟང་འཆར་རྒྱུ་རེད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཡོད་ལ་ཉེན་ཁ་དང་འགྲན་སློང་གསར་པའང་ཡོང་སྲིད། ང་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་མཐའ་འཁྱོངས། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་མུ་མཐུད་ཡག་པོ་རྒྱག་པ། བརྟན་པོ་འཕར་བ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་སྔོན་འགོག་བཅས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་རྒྱུན་འཁྱོངས་བཅས་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་མཇུག་བསྡུའི་ལས་དོན་ལེགས་པར་བསྒྲུབ་ཆེད་ཐག་གཅོད་རང་བཞིན་གྱི་རྨང་གཞི་འདིང་བ་དང་ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། “གནམ་གང་ཉིན་མོར་དགའ་འཛོམས་ཀྱིས། ལོ་རྙིང་བསྐྱལ་ནས་ལོ་གསར་བསུ”ལོ་གཅིག་རིང་ལས་ལ་བྲེལ་ནས་ཁྱིམ་དུ་ཕ་མར་སྲི་ཞུ་དང་རྒྱལ་ཁབ་ལ་ལྷག་བསམ་རྣམ་དག་ཞུ་བ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་ཞིག་རེད། རྒྱལ་ཁབ་དར་རྒྱས་གོང་འཕེལ་མ་བྱུང་ཚེ། ཁྱིམ་ཚང་བདེ་སྐྱིད་ཡོང་མི་སྲིད། དེ་དང་འདྲ་བར། ཁྱིམ་ཚང་ཁྲི་སྟོང་མང་པོར་བདེ་སྐྱིད་མ་བྱུང་ཚེ། རྒྱལ་ཁབ་དར་རྒྱས་གོང་འཕེལ་ཡོང་མི་སྲིད། ང་ཚོས་སྤྱི་ཚོགས་ཡོངས་སུ་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་དར་སྤེལ་ཤུགས་ཆེན་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་བ་དང་། རྒྱལ་གཅེས་རིང་ལུགས་དང་། མཉམ་སྡེབ་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། ཁྱིམ་གཅེས་རྒྱལ་གཅེས་གཅིག་གྱུར་དར་སྤེལ་གཏོང་བ་བཅས་བྱས་ནས་མི་ཀུན་དང་ཁྱིམ་ཚང་ཚང་མས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོར་ལེགས་སྐྱེས་འབུལ་དགོས།

    ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། གནའ་མིའི་གཏམ་དཔེར“སྲི་ཞུ་སྒྲུབ་པ་སྤྱོད་པའི་གཞི”ཞེས་བརྗོད་སྲོལ་ཡོད། གནའ་སྔ་མོ་ནས་བཟུང་། ཀྲུང་གོ་བས་རྒན་བཀུར་གཉེན་སྐྱོང་དར་སྤེལ་གཏོང་བ་དང་། རང་གི་ཕ་མར་བསྙེན་བཀུར་ཞུ་བ་བཞིན་གཞན་གྱི་ཕ་མ་ལའང་བསྙེན་བཀུར་ཞུ་བ་དང་། རང་གི་བུ་ཕྲུག་ལ་གཅེས་སྐྱོང་བྱེད་པ་བཞིན་གཞན་གྱི་བུ་ཕྲུག་ལའང་གཅེས་སྐྱོང་བྱེད་པའི་སྲོལ་བཟང་དར་སྤེལ་གཏོང་གི་ཡོད། རང་རྒྱལ་ན་རྒས་ཅན་གྱི་སྤྱི་ཚོགས་སུ་སླེབས་ཡོད། རྒན་རྒོན་ལ་རྒས་དུས་འཚོ་རྟེན་ཡོད་པ་དང་། རྒས་དུས་རྟེན་ས་ཡོད་པ། རྒས་དུས་སྤྲོ་སྣང་ལྡན་པ། རྒས་དུས་བདེ་སྐྱིད་ལྡན་པ་བཅས་ཡོང་བར་བྱེད་པ་ནི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་འབྲེལ་བ་ཡོད། ང་ཚོས་སྤྱི་ཚོགས་ཡོངས་སུ་རྒན་རྒོན་ལ་བརྩི་བཀུར་དང་། རྒན་རྒོན་ལ་བྱམས་སྐྱོང་། རྒན་རྒོན་ལ་བསྙེན་བཀུར་བཅས་དར་སྤེལ་བཏང་བ་དང་། རྒན་རྒོན་གྱི་བྱ་གཞག་གོང་འཕེལ་ཤུགས་ཆེན་བཏང་ནས་རྒན་རྒོན་ཡོངས་བདེ་སྐྱིད་ལྡན་པའི་ཚེ་མཇུག་གི་འཚོ་བར་རོལ་དུ་འཇུག་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བློ་སེམས་གཅིག་མཐུན་དང་གསར་འབྱེད་ཡར་བརྩོན་གྱིས་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས། ཀྲུང་གོ་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་བཏོད་ཅིང་། ཀྲུང་ཧྭ་མི་རིགས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བཏོད་དེ། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ངེས་ཡིན། མཇུག་ཏུ་ལྷན་རྒྱས་སྐུ་གཟུགས་གསལ་ཐང་དང་། མཛད་འཕྲིན་ལམ་ལྷོངས། ཁྱིམ་ཚང་བདེ་སྐྱིད། བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ་རྒྱུ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།