[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཡུལ་སྐོར་ཞབས་འདེགས་ཀྱི་སྤུས་ཚད་མཐོ་རུ་གཏོང་ཆེད་རིག་གནས་དང་ཡུལ་སྐོར་པུས་ལས་འགན་ཁག་བདུན་བཏོན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-01-31

    ཡུལ་སྐོར་གྱི་དོ་དམ་ཞབས་འདེགས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཡུལ་སྐོར་གྱི་སྤུས་ཀ་ལེགས་སུ་གཏོང་བ། ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། རིག་གནས་དང་ཡུལ་སྐོར་པུས་ཉིན་ཤས་གོང《ཡུལ་སྐོར་ཞབས་འདེགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་འཆར་གཞི་ལག་བསྟར་བྱེད་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ།

    མཛུབ་ཁྲིད་བསམ་འཆར་ནང་རྒྱ་ཆེའི་ཡུལ་སྐོར་བའི་ཡུལ་སྐོར་མྱོང་རོལ་ལ་ཤུགས་རྐྱེན་བཟོ་བའི་གཙོ་གནད་གནད་དོན་དང་འགལ་ཟླ་གཙོ་བོ་ཐག་གཅོད་བྱ་རྒྱུར་དམིགས་ཏེ།

    ●ཡུལ་སྐོར་ཞབས་འདེཌ་ཁུལ་དང་གནས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ།

    ●ཡུལ་སྐོར་ཞག་སྡོད་ཞབས་འདེགས་ལེགས་སྒྲིག

    ●ཡུལ་སྐོར་ལས་དོན་ཁང་གི་ཞབས་འདེགས་ཆུ་ཚད་མཐོ་རུ་གཏོང་བ།

    ●དྲ་ཐོག་ཡུལ་སྐོར་གྱི་གཉེར་སྐྱོང་ཞབས་འདེཌ་ཚད་ལྡན་དུ་གཏོང་བ།

    ●ཡུལ་སྐོར་སྣེ་ཤན་པ་དང་རུ་སྣེའི་ལས་སྒོའི་འཇོན་ཐང་ཆེ་རུ་གཏོང་བ།

    ●ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག་འཇོན་ཐང་ཆེ་རུ་གཏོང་བ།

    ●ཡུལ་སྐོར་གྱི་ཡིད་རྟོན་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་ལས་འགན་ཁག་བདུན་བཏོན་པ་རེད།

    བླང་བྱ།

    སྲིད་གཞུང་གིས། ཁྲོམ་རའི་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་དགོས།

    ཁྲོམ་རའི་བྱེད་པོས། བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་དགོས།

    ལས་རིགས་རྩ་འཛུགས་ཀྱིས། མཐུན་སྦྱོར་གྱི་འཇོན་ཐང་དང་ལས་རིགས་ཀྱི་ཚད་གཞིར་སྣེ་ཁྲིད་བྱེད་པའི་འཇོན་ཐང་འདོན་དགོས།

    སྒེར་གྱིས། ལས་ཞུགས་མི་སྣའི་བྱང་ཚད་དང་ལས་སྒོའི་འཇོན་ཐང་ཆེ་རུ་གཏོང་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།