[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2019ལོའི་བོད་ཀྱི་ས་གནས་ཀྱི“ཚོགས་འདུ་གཉིས”ཀྱིས་བོད་ཀྱི་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་དོན་ཆེན་གསུམ་ལ་དམིགས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-01-11

    ཀྲུང་གོ་གསར་འགྱུར་དྲ་བ་ལྷ་ས་ནས་ཟླ་1ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་ལྷ་སར་འཚོགས་ནས་2019ལོའི་བོད་ཀྱི“ཚོགས་འདུ་གཉིས”དངོས་སུ་འགོ་ཚུགས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་སྲིད་གྲོས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་ཕྱོགས་སྟོན་དང་པོར་བརྩིས་ནས་བོད་ཀྱི་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་དོན་ཆེན་གསུམ་ལ་དམ་པོར་དམིགས་ཡོད། 

    ཉིན་དེར་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀའོ་དབྱང་གིས་ཚོགས་ཆེན་ཐོག་ལས་དོན་སྙན་སྒྲོན་གནང་བ་རེད། 

    སྙན་སྒྲོན་ནང་། སྐབས་འདིའི་སྲིད་གྲོས་ཀྱིས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། “ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ། བོད་ཀྱི་ཆོས་ལུགས་ལས་རིགས་མི་སྣ་དང་རྒྱ་ཆེའི་གྲྭ་བཙུན་ཚོས་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་དར་ཆའི་འོག་ཐོས་བསམ་ལ་རྩེ་གཅིག་ཏུ་གཞོལ་རྒྱུར་སློབ་གསོ་ཁྲིད་སྟོན་བཅས་བྱས་ནས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་འཁོད་ཡོད། 

    ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་བོད་ཀྱི་སྲིད་གྲོས་ཀྱིས་2018ལོའི་བསམ་འཆར་དང་གྲོས་འགོ་ཁག་2300ལྷག་ཙམ་ལེགས་སྒྲིག་བྱས་ནས་ཕུལ་ཡོད། ཨུ་ཡོན་ཚོས་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་འགན་སྒྲུབ་ལས་འགན་ཨང་དང་པོར་བརྩི་བ་དང་། 2018ལོའི་ལོ་འཁོར་གྱི་གྲོས་མོལ་འཆར་གཞི་ཚན་རིག་དང་མཐུན་པའི་ངང་བཟོ་བ། བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་དང་འབྲེལ་བའི་འཇུག་གཞིའི་གནད་དོན་17བདམས་ནས་2018ལོའི་ལྟ་ཞིབ་རྟོག་ཞིབ་དང་། གྲོས་མོལ་སྲིད་གླེང་། དམངས་གཙོའི་ལྟ་སྐུལ་བཅས་ཀྱི་ནང་དོན་དུ་བྱས་ཡོད། མཁོ་ཆེ་བའི་སྐབས་ཐབས་འདོན་པ་དང་། གནད་འགག་ཆེ་སའི་ཐད་སྲིད་གླེང་བ། འགག་རྩའི་ཐད་ལྟ་སྐུལ་བཅས་ཧུར་ཐག་བྱེད་ཐུབ་པ་བྱས་ཡོད། 

    ཀའོ་དབྱང་གིས་2018ལོར་སྐབས་འདིའི་སྲིད་གྲོས་ཀྱིས་ལྟ་ཞིབ་རྟོག་ཞིབ་དང་དམངས་གཙོའི་ལྟ་སྐུལ་གྱི་བྱེད་སྒོ་ཐེངས་90ལྷག་ཙམ་སྤེལ་ནས་ལྟ་ཞིབ་རྟོག་ཞིབ་ཀྱི་སྙན་ཞུ་དང་ལེ་ལག་ཚང་བའི་དཔྱད་གཞི་ཁག་120ལྷག་གྲུབ་ཡོད། རྟོག་ཞིབ་དང་གྲོས་མོལ་གྱི་བཞུགས་མོལ་ཚོགས་འདུ་སྣ་ཚོགས་ཐེངས་40ལྷག་ཙམ་འཚོགས་ཏེ་བསམ་འཆར་དང་གྲོས་འགོ་ཁག་2300ལྷག་ཙམ་ལེགས་སྒྲིག་བྱས་ནས་ཕུལ་བ། འགན་སྒྲུབ་གྲུབ་འབྲས་མང་པོ་ཞིག་ལ་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་ཀྱི་མཆན་འགོད་མཛུབ་སྟོན་དང་ཁས་ལེན་ཐོབ་པ་དང་། བསམ་འཆར་དང་གྲོས་འགོ་ཁག་གཅིག་ལ་འགན་ནུས་སྡེ་ཚན་གྱིས་མཐོང་ཆེན་དང་དང་ལེན་བྱས་ཡོད་ཅེས་གསུངས། 

    2018ལོར་བོད་ཀྱི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ཞུགས་པའི་ཚན་པ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་གྲོས་གཞི་404ཕུལ་བ་དང་། ཞིབ་བཤེར་བྱས་པ་བརྒྱུད་གྱོད་གཞི་397གྱོད་ཐོ་འགོད་པ་དང་བསམ་འཆར་དང་གྲོས་འགོ་7ཕྱིར་འཐེན་བྱས་པ་དང་བརྒྱུད་སྤྲོད་བྱས་ཡོད། 2018ལོའི་ཟླ་10པའི་ཟླ་མཇུག་བར། གྲོས་གཞི་ཚང་མར་སྒྲུབ་ལན་སློག་ཡོད། གྲོས་གཞི་ཁག་གཅིག་གི་བསམ་འཆར་དང་གྲོས་འགོ་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲིད་ཇུས་དང་བྱེད་ཐབས་སུ་རིམ་གྱིས་འགྱུར་བ་དང་ཁག་གཅིག་འཕེལ་རྒྱས་འཆར་འགོད་དང་། ས་གནས་ཁྲིམས་སྲོལ། ལམ་ལུགས་ཡིག་ཆར་གྱུར་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།