[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་ནོར་སྲིད་ཀྱིས་འཕྲོད་བསྟེན་དང་བདེ་ཐང་གི་ཤེས་ལྡན་མི་སྣ་གསོ་སྐྱོང་ཐད་སྒོར་དུང་ཕྱུར་71.14བཏང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-12

    གསར་འགོད་པས་ནོར་སྲིད་པུའུ་ནས་ཤེས་རྟོགས་བྱས་པར། འཕྲོད་བསྟེན་དང་བདེ་ཐང་གི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་ཆེད། ཀྲུང་དབྱང་ནོར་སྲིད་ཀྱིས་འཕྲོད་བསྟེན་དང་བདེ་ཐང་གི་ཤེས་ལྡན་མི་སྣ་གསོ་སྐྱོང་ཐད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་45.35བཏང་བ་དང་དེའི་ཐོག་2017ལོའི་སྔ་སྣུར་དུ་བཏང་བའི་སྒོར་དུང་ཕྱུར་25.65དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་སྒོར་དུང་ཕྱུར་0.14བཅས་2018ལོའི་འཕྲོད་བསྟེན་དང་བདེ་ཐང་གི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་71.14ཚང་མ་གཤམ་སྤྲོད་བྱས་པ་དེ་དག་ནད་སྡོད་སྨན་པ་བཀའ་བཅུ་པའི་ཚད་ལྡན་ཅན་གྱི་གསོ་སྦྱོང་དང་། ལས་རོགས་མཁོ་ཆོད་སྨན་པའི་གསོ་སྦྱོང་། མཁོ་ཆོད་སྨན་པའི་དམིགས་འཛུགས་ལས་གནས་འཆར་གཞི་སོགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་རྣམ་གྲངས་ཐད་སྤྱོད་རྒྱུ་རེད། སྔོན་རྩིས་ལས་རྗེས་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་ཆེད། ད་ཐེངས་མ་དངུལ་ཁག་བགོས་བྱེད་སྐབས་ལས་རྗེས་དཔྱད་ཞིབ་ཀྱི་འབྲས་བུ་དེ་རྒྱུ་རྐྱེན་གལ་ཆེན་དུ་བརྩིས་ནས་དཔྱད་ཞིབ་གྲུབ་འབྲས་མདུན་གྲལ་དུ་སླེབས་པའི་ཞིང་ཆེན་ལ་བྱ་དགའ་འོས་འཚམ་སྤྲོད་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།