[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་ཞིབ་སྤེལ་འགྲོ་གྲོན་ཐད་མ་དངུལ་གཏོང་ཤུགས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-11

    ཚེས་9ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་དང་། ཚན་རིག་ལག་རྩལ་པུའུ། ནོར་སྲིད་པུའུ་བཅས་ཀྱིས《2017ལོའི་རྒྱལ་ཡོངས་ཀྱི་ཚན་རྩལ་འགྲོ་གྲོན་མ་དངུལ་གྱི་བསྡོམས་རྩིས་སྤྱི་བསྒྲགས》བཀྲམ་ཡོད། སྤྱི་བསྒྲགས་ནང་མངོན་གསལ། 2017ལོར་རྒྱལ་ཡོངས་ཀྱིས་ཞིབ་འཇུག་དང་ཚོད་ལྟའི་འཕེལ་རྒྱས་ཐད(R&D)སྒོར་དུང་ཕྱུར་17606.1བཏང་བ་དེ་ལོ་གོང་མ་ལས་12.3%འཕར་བ་དང་། R&Dའགྲོ་གྲོན་གཏོང་ཤུགས(རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་བསྡུར་བ)2.13%ཟིན་ནས་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་0.02མཐོ་རུ་ཕྱིན་ཡོད།

    སྤྱི་བསྒྲགས་ནང་མངོན་གསལ། 2017ལོར་རྒྱལ་ཁབ་ཀྱི་ནོར་སྲིད་ཚན་རིག་ལག་རྩལ་གཏོང་སྒོ་སྒོར་དུང་ཕྱུར་8383.6ཟིན་པ་དེ་ལོ་གོང་མ་ལས་8%འཕར་བ་དང་། ནོར་སྲིད་ཚན་རིག་ལག་རྩལ་གྱི་གཏོང་སྒོས་ལོ་དེའི་རྒྱལ་ཁབ་ནོར་སྲིད་གཏོང་སྒོའི་བསྡུར་ཚད་ཀྱི་4.13%བཟུང་ནས་ལོ་གོང་མའི་ཆུ་ཚད་རྒྱུན་འཁྱོངས་ཐུབ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།