[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • བྱེད་ཐབས་སྣ་ཚོགས་སྤྱད་ནས“སྲོལ་ཡིག”སྦྱོང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-11

    556802_yis_1539148666598_s.jpg

    ཟླ་10ཚེས་9ཉིན། ཅང་ཤིས་ཞིང་ཆེན་དབྱི་ཧྥེང་རྫོང་སྒྲིག་ཨུད་དང་ལྟ་བཤེར་ཨུ་ལྷན་གྱིས་གཙོ་གཉེར་བྱས་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ལམ་ཆད་གཅོད་སྲོལ་ཡིག》སྦྱོང་བའི་ཤེས་བྱའི་འགྲན་བསྡུར་གྱི་བརྙན་འཕྲིན་མཐའ་བསྡུར་སྤེལ་བ་དང་། ད་ཐེངས་ཀྱི་མཐའ་བསྡུར་ལ་ཞུགས་མཁན་འཐུས་མི་རུ་ཁག་6པོ་ནི་རྫོང་ཡོངས་ཀྱི་འཐུས་མི་རུ་ཁག་27ནས་བདམས་པ་ཞིག་ཡིན་པས་འགྲན་ཞུགས་ཚན་པ་ཚང་མར་ཁྱབ་ཡོད།

    གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ལམ་ཆད་གཅོད་སྲོལ་ཡིག》བཀྲམ་པ་ནས་བཟུང་། ཅང་ཤིས་ཞིང་ཆེན་དབྱི་ཧྥེང་རྫོང་གི་རིམ་ཁག་ཏང་རྩ་འཛུགས་དང་སྒྲིག་ཨུད་དང་ལྟ་བཤེར་ཨུ་ལྷན་གྱིས་གསར་གཏོད་བྱེད་ཐབས་ལ་བརྟེན་ནས་རང་བརྟེན་སློབ་སྦྱོང་དང་གཅིག་སྡུད་བགྲོ་གླེང་བྱས་ནས་སློབ་སྦྱོང་གཏིང་ཟབ་བྱེད་པའི་རྨང་གཞིའི་ཐོག རྒྱུགས་བླངས་ནས་སློབ་སྦྱོང་ལ་སྐུལ་མ་གཏོང་བ་དང་འགྲན་བསྡུར་བྱས་ནས་སློབ་སྦྱོང་ལ་སྐུལ་མ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད། ཏང་ཡོན་ལས་བྱེད་པས་རྒྱུགས་ལེན་དང་འགྲན་བསྡུར་གྱི་ལག་ལེན་ཁྲོད་ཏང་གི་སྒྲིག་ཡིག་དང་། གཏན་འབེབས། སྒྲིག་ལམ་བཅས་ཁོང་དུ་ཆུད་པར་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།