[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2018ལོའི་རྒྱལ་ཡོངས་ཀྱི་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་བྱེད་སྒོའི་གཟའ་འཁོར་འགོ་ཚུགས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའིི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-11

    ཟླ་10ཚེས་9ཉིན་གྱི་སྔ་དྲོར། 2018ལོའི་རྒྱལ་ཡོངས་ཀྱི་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་བྱེད་སྒོའི་གཟའ་འཁོར་གྱི་པེ་ཅིང་ཚོགས་ར་དང་ཀྲུང་ཀོན་གྲོང་ཚོའི་གསར་གཏོད་ལས་གཏོད་དུས་ཚིགས་ཀྱི་རིམ་སྤེལ་བྱེད་སྒོ་ཀྲུང་ཀོན་གྲོང་ཚོའི་རྒྱལ་ཁབ་ཀྱི་རང་བརྟེན་གསར་གཏོད་དཔེ་སྟོན་ཁུལ་གྱི་འགྲེམས་སྟོན་ལྟེ་གནས་སུ་དངོས་སུ་འགོ་ཚུགས་ཤིང་། ཁེ་ལས་300ལྷག་ཙམ་གྱི་གྲུབ་འབྲས་600ལྷག་ཙམ་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ལ་བསྟན་ཡོད། “འགྲེམས་སྟོན་ལ་ཞུགས་པའི་རྣམ་གྲངས་སྤྱིར་ན་སྟོན་ཐེངས་དང་པོ་ཡིན་པ་དང་ཁེ་ལས་བཙུགས་ནས་ཆ་སྙོམས་ལོ་ཚད་ལོ་5ཡང་ཟིན་གྱི་མེད”ཅེས་སྒྲིག་འཛུགས་བྱེད་མཁན་འབྲེལ་ཡོད་འགན་འཁུར་བས་དེ་ལྟར་ངོ་སྤྲོད་བྱས།

    པེ་ཅིང་ཚོགས་རའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ལ་རྒྱལ་ཡོངས་ཀྱི་གཉིས་གཏོད་གཟའ་འཁོར་གྱི“ཆུ་ཚད་མཐོ་བའི‘གཉིས་གཏོད’དང་སྤུས་ཚད་མཐོ་བའི་འཕེལ་རྒྱས”ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཤིང་། གཙོ་བོ་དུས་རབས་གསར་པར་འབད་འབུངས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས། ཆུ་ཚད་མཐོ་བའི“གཉིས་གཏོད” པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར། ཚན་རྩལ་འདུས་ཚད་མཐོ་བའི་དམངས་ཕན། “གཉིས་གཏོད”བྱེད་སྒོ་བཅས་འགྲེམས་ཁུལ་དྲུག་ཚུད་ཡོད། འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། སྐབས་གོང་མ་དང་མི་འདྲ་བར་སྐབས་འདིའི་པེ་ཅིང་ཚོགས་རའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ལ་བཀྲག་མདངས་འཚེར་ས་6མངོན་གསལ་དོད་པོ་ཡོང་བར་བྱས་པ་སྟེ། གཅིག་ནི་འགྲེམས་སྟོན་གྱི་རྒྱ་ཁྱོན་ཆེ་ཤོས་དང་འདུན་ཞུ་བྱས་པའི་རྣམ་གྲངས་སྐབས་རིམ་བྱུང་ནང་ནས་མང་ཤོས་ཡིན་པ། འགྲེམས་སྟོན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་18000ཙམ་ཟིན་པ་དེ་ན་ནིང་གི་ལྡབ་1.5ཡིན་པ་དང་། གསར་གཏོད་དང་ལས་གཏོད་ཀྱི་བྱེད་པོས་དང་ལེན་ཧུར་ཐག་ཞུས་ནས་འདུན་ཞུ་བྱས་པའི་རྣམ་གྲངས་3000ལྷག་ཟིན་པ་དེ་ནི་སྐབས་རིམ་བྱུང་ནང་ནས་མང་ཤོས་རེད། གཉིས་ནི་འགྲེམས་སྟོན་གྱི་རྣམ་གྲངས་དང་ཁེ་ལས་གསར་པ་ཡིན་པ། འདེམས་སྒྲུག་བརྒྱབ་པའི་ལག་རྩལ་དང་ཐོན་རྫས་ནས་ཁེ་ལས་300ལྷག་ཙམ་གྱི་གྲུབ་འབྲས་600ལྷག་ཙམ་དེ་དག་འདོན་ཐེངས་དང་པོ་ཡིན་པ་དང་། ཁེ་ལས་བཙུགས་ནས་ཆ་སྙོམས་ལོ་ཚད་ལོ་5ལས་མ་ཟིན་པ་དེ་ལས་རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྱོང་གི་ཕན་འབྲས་གསར་ཤོས་མངོན་གྱི་ཡོད། གསུམ་ནི་རྨང་གཞིའི་ཚན་རྩལ་དང་ཚོང་ལས་རྣམ་པར་དུས་མཉམ་སྐུལ་འདེད་གཏོང་བའི་ལས་གཏོད་དེ་ཉིད་གཙོ་རྒྱུན་ཞིག་ཏུ་གྱུར་ཡོད། བཞི་ནི་ཤེས་བྱའི་ལས་གཏོད་དང་། གཞོན་ནུའི་ལས་གཏོད། རྒྱུན་མཐུད་ལས་གཏོད་བཅས་རིམ་བཞིན་རིམ་སྤོར་བྱུང་ཡོད། ལྔ་ནི་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་ཡོང་བ་དང་། དམག་དམངས་མཉམ་འདྲེས་གཏིང་ཟབ་ཡོང་བ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྱོང་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་བཅས་ལ་ཞབས་འདེགས་མངོན་གསལ་དོད་པོ་ཡོང་བ་བཅས་བྱས་ཡོད། དྲུག་ནི་ཚན་རྩལ་གྲུབ་འབྲས་ཀྱིས་དམངས་འཚོར་ཕན་འདོགས་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།