[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་དཔའ་ཐུལ་ཐོ་ལེ་དགའ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-14

    རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་12ཉིན་ཧྥུ་ལ་ཏི་ཨོ་སི་ཐོ་ཁེ་རུ་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་དཔའ་ཐུལ་ཐོ་ལེ་དགའ་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་མོང་གི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ་མཛའ་མཐུན་དང་། ལྷག་བསམ། ཕན་སྦྱར། ཁོང་ཡངས་བཅས་ཀྱི་འདུ་ཤེས་དང་དེ་བཞིན་ཁྱིམ་མཚེས་རྒྱལ་ཁབ་ལ་ཕན་འདོགས་པ་དང་ཁྱིམ་མཚེས་རྒྱལ་ཁབ་དང་འཆམ་མཐུན་བྱེད་པའི་བྱེད་ཕྱོགས་གཞིར་བཟུང་མོང་གོལ་རྒྱལ་ཁབ་ཕྱོགས་དང་མཉམ་དུ་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་མོང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་ཡག་པ་དང་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ཟམ་མི་ཆད་པར་སྐུལ་འདེད་གཏོང་རྒྱུ་ཡིན། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ཆབ་སྲིད་ཀྱི་སྣེ་ཁྲིད་བྱ་ཤུགས་ཆེ་རུ་བཏང་ནས་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་མིང་རྒྱང་ཐོག་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཡང་དག་སྟངས་འཛིན་ཡག་པོ་བྱེད་དགོས། ཕན་ཚུན་བསམ་ཤེས་དང་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་བརྩི་འཇོག་བྱས་ཏེ་ཕན་ཚུན་ཡིད་ཆེས་བྱ་ཤུགས་ཆེ་རུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་རྒྱལ་ཁབ་ཀྱི་རང་བཙན་དང་། བདག་དབང་། མངའ་ཁོངས་ཆ་ཚང་བཅས་ལ་བརྩི་འཇོག་དང་མོང་གོལ་རྒྱལ་ཁབ་ཀྱི་མི་དམངས་ཀྱིས་རང་བརྟེན་ངང་བདམས་པའི་འཕེལ་རྒྱས་འགྲོ་ལམ་ལ་བརྩི་འཇོག་ཞུ་ཡི་ཡོད། ཕྱོགས་གཉིས་པོས་མུ་མཐུད“རྒྱུད་གཅིག་ལམ་གཅིག”དང“འཕེལ་རྒྱས་ཀྱི་ལམ་བུ”འབྲེལ་མཐུད་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་རྣམ་གྲངས་ཆེན་པོས་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ལ་སྐུལ་ཁྲིད་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རྒྱལ་ཁབ་གཉིས་པོའི་མཐའ་མཚམས་འབྲེལ་མཚམས་ས་ཁུལ་ལ་སྤེལ་རེས་མཉམ་ལས་རྒྱ་ཆེར་གཏོང་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱེད་དགོས། མོང་གོལ་རྒྱལ་ཁབ་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་མགྱོགས་འཁོར་བསྡད་དེ་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་གྲུབ་འབྲས་མཉམ་སྤྱོད་བྱས་ནས་རང་ངོས་སྤུས་ཚད་མཐོ་པོས་འཕེལ་རྒྱས་ཡོང་བ་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།