[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་8པར་རྒྱལ་ཡོངས་ནོར་སྲིད་ཀྱི་ཡོང་འབབ་དུས་མཚུངས་ལས་4%འཕར་བ།

    རྒྱལ་ཡོངས་ནོར་སྲིད་ཀྱི་གཏོང་ཡོང་འཁོར་སྐྱོད་གནས་ཚུལ་ལེགས་པ་དང་། དཔྱ་ཁྲལ་ཉུང་གཏོང་དང་རིན་གོང་གཅོག་པའི་སྲིད་ཇུས་ཀྱི་ཕན་འབྲས་སྔར་ལས་མངོན་གསལ་དོད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-14

    ནོར་སྲིད་པུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་དོན། ཟླ་8པར་རྒྱལ་ཡོངས་ནོར་སྲིད་ཀྱི་གཏོང་ཡོང་འཁོར་སྐྱོད་གནས་ཚུལ་ལེགས་པ་དང་། དཔྱ་ཁྲལ་ཉུང་གཏོང་དང་རིན་གོང་གཅོག་པའི་སྲིད་ཇུས་ཀྱི་ཕན་འབྲས་སྔར་ལས་མངོན་གསལ་དོད་པོ་ཡོད། ཟླ་8པར་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་11077ཟིན་ནས་དུས་མཚུངས་ལས་4%འཕར་ཡོད། དེའི་ཁྲོད་ཀྲུང་དབྱང་གི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་5166ཟིན་ནས་དུས་མཚུངས་ལས་1.2%འཕར་བ་དང་། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་རིམ་པ་དེ་གའི་ཡོང་འབབ་སྒོར་དུང་ཕྱུར་5911ཟིན་ནས་དུས་མཚུངས་ལས་6.6%འཕར་ཡོད། རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ཁྲོད་ཀྱི་ཁྲལ་འབབ་སྒོར་དུང་ཕྱུར་9508ཟིན་ནས་དུས་མཚུངས་ལས་6.7%འཕར་བ་དང་། ཁྲལ་འབབ་མིན་པའི་ཡོང་འབབ་སྒོར་དུང་ཕྱུར་1569ཟིན་པ་དེ་དུས་མཚུངས་ལས་10.1%ཆག་ཡོད། 

    ཟླ་དང་པོ་ནས་བརྒྱད་པ་བར་རིམ་རྩིས་བརྒྱབ་ན་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་132868ཟིན་ནས་དུས་མཚུངས་ལས་9.4%འཕར་ཡོད། དེའི་ཁྲོད་ཀྲུང་དབྱང་གི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་63663ཟིན་ནས་དུས་མཚུངས་ལས་10.7%འཕར་བ་དང་། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་རིམ་པ་དེ་གའི་ཡོང་འབབ་སྒོར་དུང་ཕྱུར་69205ཟིན་ནས་དུས་མཚུངས་ལས་8.3%འཕར་ཡོད། རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ཁྲོད་ཀྱི་ཁྲལ་འབབ་སྒོར་དུང་ཕྱུར་117217ཟིན་ཏེ་དུས་མཚུངས་ལས་13.4%འཕར་བ་དང་། ཁྲལ་འབབ་མིན་པའི་ཡོང་འབབ་སྒོར་དུང་ཕྱུར་15651ཟིན་པ་དེ་དུས་མཚུངས་ལས་13.1%ཆག་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།