[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2022ལོའི་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་བཀྲ་ཤིས་མཚོན་རྟཌ་གོ་ལ་ཧྲིལ་པོར་འཚོལ་བསྡུ་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-10

    540550_yis_1533793193949_s.jpg

    ཟླ་8ཚེས་8ཉིན་པེ་ཅིང་གྲོང་ཁྱེར་གྱི་ཧྲེ་ཀྲང་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ལག་བསྟར་ཀྲུའུ་ཞི་ཁྲེན་ཅི་ཉིང་གིས་འགོ་འཛུགས་ཤིས་ཚིག་བརྗོད་པ།

    ཟླ་8ཚེས་8ཉིན་ནི་2008ལོའི་པེ་ཅིང་ཨོ་རྩལ་འགྲན་ཚོགས་གྲུབ་འབྲས་ཐོན་པའི་ངང་གཉེར་ནས་ལོ་10འཁོར་བའི་དྲན་གསོའི་ཉིན་མོ་ཡིན་པ་མ་ཟད། རང་རྒྱལ་གྱི“དམངས་ཡོངས་ལུས་སྦྱོང་ཉིན་མོ”ཐེངས་བཅུ་པ་དེ་ཡང་རེད། དེ་ཉིན་2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་བཀྲ་ཤིས་མཚོན་རྟགས་གོ་ལ་ཧྲིལ་པོར་འཚོལ་བསྡུ་བྱེད་པའི་མཛད་སྒོའང་གཟབ་རྒྱབ་ངང་འཚོགས་པ་རེད།

    པེ་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་ཚའེ་ཆིས་བྱེད་སྒོར་ཞུགས་པ་དང་འབྲེལ“2018ལོའི་རྒྱལ་ཡོངས་ཀྱི‘དམངས་ཡོངས་ལུས་སྦྱོང་ཉིན་མོའི’ཚོགས་ར་གཙོ་བོའི་བྱེད་སྒོ་འགོ་བཙུགས་པ་དང་། 2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་བཀྲ་ཤིས་མཚོན་རྟགས་གོ་ལ་ཧྲིལ་པོར་འཚོལ་བསྡུ་བྱེད་འགོ་ཚུགས་པའི”ཁྱབ་བསྒྲགས་བྱས་པ་རེད།

    བཀྲ་ཤིས་མཚོན་རྟགས་ནི་ཨོ་རྩལ་འགྲན་ཚོགས་ཀྱི་མཐོང་ཚོར་གྱི་གཟུགས་བརྙན་མ་ལག་དང་མཛེས་ལྗོངས་ཇུས་འགོད་ཀྱི་ཁྱད་རྟགས་གཙོ་བོ་ཞིག་ཡིན་པ་དང་། དེ་ནི་དམངས་ཚོགས་ཀྱིས་དགའ་བསུ་ཐོབ་མང་ཤོས་དང་དྲན་རྟེན་གྱི་རིན་ཐང་ཆེ་ཤོས་ལྡན་པའི་ཨོ་རྩལ་འགྲན་ཚོགས་ཀྱི་སྤུས་རྟགས་ཀྱི་གཟུགས་བརྙན་ཞིག་ཡིན་པ་མ་ཟད། སྤྱི་ཚོགས་ཀྱིས་དོ་ཁུར་ཐོབ་མང་ཤོས་དང་གཞོན་ནུ་ལོ་ཆུང་ཞུགས་སླ་ཤོས་ཀྱི་ཨོ་རྩལ་འགྲན་ཚོགས་ཀྱི་རིག་གནས་བྱེད་སྒོ་ཞིག་རེད། ད་ཐེངས་གོ་ལ་ཧྲིལ་པོར་འཚོལ་བསྡུ་བྱེད་པའི་དུས་ཚོད་ནི་འདི་ལོའི་ཟླ་8ཚེས་8ནས་ཟླ་10ཚེས་31ཉིན་བར་ཡིན་པ་དང་། དེ་རྗེས་རིགས་གཅིག་མཁས་ཅན་གྱིས་དཔྱད་ཞིབ་བྱེད་པ་དང་། བཟོ་བཅོས་དང་གཏིང་ཟབ་ཏུ་གཏོང་བ། སྤྱི་ཚོགས་ཀྱིས་དཔྱད་གླེང་བྱེད་པ། བཅའ་ཁྲིམས་ཀྱིས་བསྐྱར་བཤེར་དང་ཞིབ་མཆན་འགོད་པ་སོགས་ཀྱི་གོ་རིམ་བརྒྱུད་མཐར་ཇུས་འགོད་ཀྱི་ཇུས་གཞི་གཏན་འཁེལ་བྱ་རྒྱུ་དང་འབྲེལ་2019ལོའི་ལོ་སྨད་དུ་འོས་འཚམ་ངང་ཁྱབ་བསྒྲགས་བྱ་རྩིས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།