[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་1ནས་7པའི་བར་རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་8.6%འཕར་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-10

    འགག་སྒོའི་བསྡོམས་རྩིས་ལ་གཞིགས་ན། འདི་ལོའི་ཟླ་དང་པོ་ནས་བདུན་པའི་བར། རང་རྒྱལ་གྱི་ཚོང་ཟོག་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་བྱེད་ཚད་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་16.72ཟིན་ནས་ན་ནིང་གི་དུས་མཚུངས་ལས་8.6%འཕར་ཡོད་པ་རེད། དེའི་ནང་། ཕྱིར་གཏོང་དངུལ་གྲངས་སྒོར་དུང་ཕྱུར་ཁྲི་8.89ཟིན་ནས་5%འཕར་བ་དང་། ནང་འདྲེན་དངུལ་གྲངས་སྒོར་དུང་ཕྱུར་ཁྲི་7.83ཟིན་ནས་12.9%འཕར་ཡོད་པ་རེད། ཉོ་ཚོང་དྲང་ཁྱད་སྒོར་དུང་ཕྱུར་ཁྲི་1.06ཟིན་ནས་30.6%རྒྱ་ཆུང་དུ་སོང་ཡོད་པ་རེད།

    ཟླ་7པར། རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་དངུལ་གྲངས་བསྡོམས་འབོར་སྒོར་དུང་ཕྱུར་2.6ཟིན་ནས་12.5%འཕར་ཡོད་པ་རེད། དེའི་ནང་། ཕྱིར་གཏོང་དངུལ་གྲངས་སྒོར་དུང་ཕྱུར་ཁྲི་1.39ཟིན་ནས་6%འཕར་ཡོད་པ་དང་། ནང་འདྲེན་དངུལ་གྲངས་སྒོར་དུང་ཕྱུར་ཁྲི་1.21ཟིན་ནས་20.9%འཕར་ཡོད་པ་རེད། ཉོ་ཚོང་དྲང་ཁྱད་སྒོར་དུང་ཕྱུར་1769.6ཟིན་ནས་42.6%རྒྱ་ཆུང་དུ་སོང་ཡོད་པ་རེད།

    འགག་སྒོ་སྤྱི་ཁྱབ་ཧྲུའི་གསར་འགྱུར་མགྲིན་ཚབ་པ་ཧོང་སུང་ཕིང་གིས་འདི་ལོ་ཚུན་དུ་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་བརྟན་ཐོག་ལེགས་པོ་བྱུང་བ་དང་། ཟླ་དང་པོ་ནས་བདུན་པའི་བར་ཅུང་མགྱོགས་པོ་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ནས་འཕར་ཚད་ལོ་སྟོད་ལས་བརྒྱ་ཆའི་གྲངས་0.7མགྱོགས་སུ་ཕྱིན་ཡོད་ཅེས་བརྗོད་པ་རེད།

    ཟླ་དང་པོ་ནས་བདུན་པའི་བར་རང་རྒྱལ་གྱི་ཚོང་ཟོག་ཕྱིར་གཏོང་ནང་འདྲེན་ཐད་གཤམ་གསལ་གྱི་ཁྱད་ཆོས་མངོན་པ་སྟེ།

    ཕྱི་ཕྱོགས་ཉོ་ཚོང་གི་ཐོག་ནས་བལྟས་ཚེ། སྤྱིར་བཏང་ཉོ་ཚོང་མགྱོགས་མྱུར་འཕར་བ་དང་བསྡུར་ཚད་མཐོ་རུ་ཕྱིན་ནས་ཕྱིར་གཏོང་སྤུས་ཚད་མུ་མཐུད་ལེགས་སུ་ཕྱིན་ཡོད་པ་རེད། ཟླ་དང་པོ་ནས་བདུན་པའི་བར་རང་རྒྱལ་གྱི་སྤྱིར་བཏང་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་དངུལ་གྲངས་སྒོར་དུང་ཕྱུར་ཁྲི་9.85ཟིན་ནས་12.7%འཕར་ཏེ་རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་དངུལ་གྲངས་བསྡོམས་འབོར་གྱི་58.9%བཟུང་ཡོད་པ་དང་། ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་2.1མཐོ་རུ་ཕྱིན་ཡོད་པ་རེད། 

    ཁྲོམ་ར་གཙོ་བོའི་ཐོག་ནས་བལྟས་ཚེ། རང་རྒྱལ་གྱིས་ཡོ་རོབ་མནའ་འབྲེལ་དང་། ཨ་རི། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ། རི་པིན་སོགས་ཀྱི་ཁྲོམ་ར་གཙོ་བོར་ཕྱིར་གཏོང་ནང་འདྲེན་བྱེད་ཚད་མཐོ་རུ་ཕྱིན་པ་དང་། “རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་འཕར་ཚད་སྤྱི་ཡོངས་ལས་མཐོ་བ་ཡོད་པ་རེད། ཟླ་དང་པོ་ནས་བདུན་པའི་བར། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་ཉོ་ཚོང་དངུལ་གྲངས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་2.46ཟིན་ནས་5.9%འཕར་བ་དང་། ཀྲུང་གོ་དང་ཨ་རིའི་ཉོ་ཚོང་དངུལ་གྲངས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་2.29ཟིན་ནས་5.2%འཕར་ཏེ་རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་དངུལ་གྲངས་བསྡོམས་འབོར་གྱི་13.7%བཟུང་ཡོད་པ་རེད།

    ཕྱི་ཕྱོགས་ཉོ་ཚོང་གི་བྱེད་པོའི་ཐོག་ནས་བལྟས་ཚེ། དམངས་གཉེར་ཁེ་ལས་ཀྱིས་བསྡུར་ཚད་བཟུང་ཚད་སྔར་བས་མཐོ་རུ་ཕྱིན་ནས་ཕྱི་ཕྱོགས་ཉོ་ཚོང་གི་ནང་ཐོན་སྒུལ་ཤུགས་མུ་མཐུད་ཆེ་རུ་ཕྱིན་ཡོད་པ་རེད། ཟླ་དང་པོ་ནས་བདུན་པའི་བར། དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་དངུལ་གྲངས་སྒོར་དུང་ཕྱུར་ཁྲི་6.55ཟིན་ནས་11.4%འཕར་ཏེ་རང་རྒྱལ་ཕྱི་ཕྱོགས་ཉོ་ཚོང་དངུལ་གྲངས་བསྡོམས་འབོར་གྱི་39.2%བཟུང་བ་དང་། ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་1མཐོ་རུ་ཕྱིན་ཡོད་པ་རེད།

    ཕྱིར་གཏོང་ཚོང་ཟོག་གི་ཐོག་ནས་བལྟས་ཚེ། འཕྲུལ་གློག་ཐོན་རྫས་ཕྱིར་གཏོང་བྱེད་ཚད་མཐོ་རུ་ཕྱིན་ནས་སྲོལ་རྒྱུན་གྱི་ངལ་རྩོལ་གཅིག་འདུས་རྣམ་པའི་ཐོན་རྫས་ཕྱིར་གཏོང་བྱེད་ཚད་ཆག་པ་དང་ཕྱི་ཕྱོགས་ཉོ་ཚོང་གི་སྤུས་ལེགས་ཐོན་རྫས་ཕྱིར་གཏོང་ནང་འདྲེན་བྱ་རྒྱུ་དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད་པ་རེད། དེའི་ནང་། འཕྲུལ་གློག་ཐོན་རྫས་ཕྱིར་གཏོང་དངུལ་གྲངས་སྒོར་དུང་ཕྱུར་ཁྲི་5.19ཟིན་ནས་6.8%འཕར་ཏེ་ཕྱིར་གཏོང་དངུལ་གྲངས་བསྡོམས་འབོར་གྱི་58.3%བཟུང་ཡོད་པ་རེད། གྱོན་གོས་དང་། འཁལ་འཐག་ཐོན་རྫས། འཛིན་ཆས། ལྷམ་རིགས། འགྱིག་རིགས་ཐོན་རྫས། སྒམ་གྱི་རིགས། རྩེད་ཆས་སོགས་རིགས་ཆེན་པོ་བདུན་གྱི་ངལ་རྩོལ་གཅིག་སྡུད་རྣམ་པའི་ཐོན་རྫས་བསྡོམས་འབོར་ཕྱིར་གཏོང་དངུལ་གྲངས་སྒོར་དུང་ཕྱུར་ཁྲི་1.69ཟིན་ནས་3.5%ཆག་ཡོད་པ་དང་། ཕྱིར་གཏོང་དངུལ་གྲངས་བསྡོམས་འབོར་གྱི་19%བཟུང་ཡོད་པ་རེད།

    ནང་འདྲེན་ཚོང་ཟོག་གི་ཐོག་ནས་བལྟས་ཚེ། ཐོན་ནུས་འདོར་བ་སོགས་ཀྱི་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཕོག་པའི་དབང་གིས་མ་བཅོས་རྡོ་སྣུམ་དང་། རང་བྱུང་སོལ་རླངས་སོགས་ཚོང་ཟོག་ནང་འདྲེན་བྱེད་ཚད་མཐོ་རུ་ཕྱིན་པ་དང་། ལྕགས་གཏེར་དང་བྱེ་གཏེར་ནང་འདྲེན་བྱེད་ཚད་ཆག་པ་དང་། ཚོང་ཟོག་ཆེ་གྲས་ནང་འདྲེན་ཚང་མར་རིན་གོང་འཕར་ཆག་བྱུང་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།