[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འོད་སྐུད་དང་4Gདྲ་རྒྱ་རང་རྒྱལ་གྱི་སྲིད་འཛིན་གྲོང་ཚོ་95%ལ་ཁྱབ་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-13

     རང་རྒྱལ་གྱིས་དྲ་རྒྱའི་མྱུར་ཚད་མགྱོགས་སུ་དང་གྲོན་དངུལ་དམའ་རུ་གཏོང་བར་སྐུལ་འདེད་གཏིང་ཟབ་བཏང་བས་སྤྱོད་མཁན་གྱི་ཐོབ་ཚོར་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། བཟོ་འཕྲིན་པུའི་བསྡོམས་རྩིས་གསར་ཤོས་ལས་མངོན་དོན། ཟླ་བཞི་པའི་ཟླ་མཇུག་བར། རང་རྒྱལ་གྱི་སྲིད་འཛིན་གྲོང་ཚོ་95%ཚང་མར་འོད་སྐུད་དྲ་ཆེན་གྱི་དྲ་རྒྱ་ཁྲིད་ཟིན་པ་དང་4Gདྲ་རྒྱ་ཁྱབ་ཚད་རྒྱལ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་95%དང་མི་འབོར་99%ལ་ཁྱབ་ཡོད་པ་རེད།

    འདི་ལོ་ཚུན། བཟོ་འཕྲིན་པུས“དྲ་རྒྱའི་མྱུར་ཚད་མགྱོགས་སུ་དང་གྲོན་དངུལ་དམའ་རུ་གཏོང་བར་སྐུལ་འདེད་གཏིང་ཟབ་བཏང་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་མགྱོགས་མྱུར་སྐྱེད་སྲིང་བྱེད་པའི་2018ལོའི་ཆེད་དོན་བྱ་སྤྱོད”ལག་བསྟར་བྱས་པས། ཟླ་དང་པོ་ནས་བཞི་པའི་བར་གཞི་རྩའི་གློག་འཕྲིན་ཁེ་ལས་ཀྱིས་རིམ་རྩིས་བྱས་ན་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར་671བཏང་བ་དེ་ལོ་གོང་མའི་དུས་མཚུངས་ལས་16%འཕར་ཡོད། རྒྱལ་ཡོངས་ཀྱི་འོད་སྐུད་དྲ་ཆེན(FTTH/O)ཡི་མཐུད་སྣེ་ཁྲི་4000མང་དུ་བཏང་བ་དང་4Gཡི་གཞི་ཚུགས་ཁྲི་12གསར་དུ་བསྐྲུན་ནས་ཁྱོན་ཁྲི་340ཟིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།