[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་ནོར་སྲིད་ཀྱིས་སྒོར་དུང་ཕྱུར་51ལྷག་བཏང་ནས་སྤྱི་པའི་རིག་གནས་སྒྲིག་བཀོད་རིན་མེད་སྒོ་འབྱེད་རྒྱུར་རྒྱབ་སྐྱོར་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-16

     སྤྱི་པའི་རིག་གནས་སྒྲིག་བཀོད་རིན་མེད་སྒོ་དབྱེ་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་ཆེད། ཀྲུང་དབྱང་ནོར་སྲིད་ཀྱིས་2018ལོའི་རིན་མེད་སྒོ་དབྱེའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་51.85སྤོ་སྒྱུར་བྱས་ཤིང་། རྒྱབ་སྐྱོར་བྱེད་ཁོངས་སུ་རྒྱལ་ཡོངས་ཀྱི་རྟེན་རྫས་བཤམས་མཛོད་ཁང་དང་། དྲན་གསོ་ཁང་། རྒྱལ་ཡོངས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དཔེ་སྟོན་རྟེན་གཞི་1854དང་། གྲོང་ཁྱེར་རིམ་པའི་མཛེས་རྩལ་ཁང་དང་། སྤྱི་པའི་དཔེ་མཛོད་ཁང་། རིག་གནས་ཁང་1123དང་རྫོང་རིམ་པའི་མཛེས་རྩལ་ཁང་དང་། སྤྱི་པའི་དཔེ་མཛོད་ཁང་། རིག་གནས་ཁང་5941 ཤང་དང་གྲོང་རྡལ་གྱི་རིག་གནས་ས་ཚིགས་དང་གྲོང་ཁྱེར་གྱི་སྡེ་ཁུལ(ཁྲོམ་གཞུང)རིག་གནས་ལྟེ་གནས་41493བཅས་ཚུད་ཡོད་པ་རེད།

    སྤྱི་པའི་དཔེ་མཛོད་ཁང་དང་། རིག་གནས་ཁང(ས་ཚིགས) སྤྱི་པའི་རྟེན་རྫས་བཤམས་མཛོད་ཁང་། སྤྱི་པའི་མཛེས་རྩལ་ཁང་སོགས་སྤྱི་པའི་རིག་གནས་སྒྲིག་བཀོད་རིན་མེད་སྒོ་འབྱེད་རྒྱུ་ནི། རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་པའི་རིག་གནས་ཞབས་ཞུའི་མཛུབ་ཁྲིད་ཚད་གཞིའི་ནང་དོན་གལ་ཆེན་ཞིག་དང་། མི་དམངས་མང་ཚོགས་ཀྱི་གཞི་རྩའི་རིག་གནས་ཁེ་དབང་འགན་ལེན་དང་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཡིན་པ་རེད།

    2017ལོའི་བསྡོམས་རྩིས་དཔྱད་གཞིར་གཞིགས་ན། ཀྲུང་དབྱང་གི་ཁ་གསབ་མ་དངུལ་གྱི་སྐུལ་ཁྲིད་འོག རྒྱལ་ཡོངས་སུ་ཁྱོན་རྟེན་རྫས་བཤམས་མཛོད་ཁང་3393རིན་མེད་སྒོ་ཕྱེ་བ་དེས་རྟེན་རྫས་བཤམས་མཛོད་ཁང་གི་བསྡོམས་འབོར་གྱི་80%ཡན་ཟིན་ནས་ལོའི་རིན་མེད་ལྟ་སྐོར་བྱེད་མཁན་མི་ཐེངས་དུང་ཕྱུར་6.78དང་། འགྲེམས་སྟོན་ཐེངས་ཁྲི་2ཙམ། རྟེན་རྫས་ཉར་ཚད་ཁྲི་2407བཅས་ཟིན་པ་དང་། རྒྱལ་ཡོངས་ཀྱི་སྤྱི་པའི་དཔེ་མཛོད་ཁང་3153དུ་དེབ་དུང་ཕྱུར་9ཉར་ཡོད་པར་ལོའི་གཡར་ཀློག་མི་ཐེངས་དུང་ཕྱུར་6.6དང་འཆད་ཁྲིད་ཐེངས་ཁྲི་6.9སྒྲིག་འཛུགས་བྱས་པ། རྒྱལ་ཡོངས་ཀྱི་མང་ཚོགས་རིག་གནས་ལས་ཁུངས་44497གྱིས་རིག་གནས་ཞབས་ཞུ་ཐེངས་ཁྲི་183.97བྱས་པར་མང་ཚོགས་མི་ཐེངས་དུང་ཕྱུར་5.79ལ་ཕན་པ་ཐོབ་པ་དང་། སྤྱི་པའི་རིག་གནས་སྒྲིག་བཀོད་རིན་མེད་སྒོ་ཕྱེ་བ་ལས་མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་ཕུན་སུམ་ཚོགས་སུ་ཕྱིན་པ་དང་འབྲེལ་མི་སེར་ཚོར“རིག་གནས་ཚོམས་ཆེན”མཁོ་འདོན་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་དྲང་ནུས་དར་སྤེལ་བཏང་བ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།