[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་སུ་ཁྱིམ་ལས་ལས་ཞུགས་མི་སྣ་ཁྲི་2542ཟིན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-16

    གསར་འགོད་པར་གོང་ཚེས་ཉིན་འཚོགས་པའི་རྒྱལ་ཡོངས་ཞིང་པ་ལས་མིའི་ལས་དོན་དང་ཁྱིམ་ཚང་ཞབས་ཞུའི་ལས་རིགས་ཀྱི་ལས་དོན་གཞུང་ལས་ཁང་གི་ཀྲུའུ་རེན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་ཞིང་པ་ལས་མིའི་ལས་དོན་དང་ཁྱིམ་ཚང་ཞབས་ཞུའི་ལས་རིགས་ལས་དོན་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་རེད། 2017ལོར་རྒྱལ་ཡོངས་ཀྱི་ཞིང་པ་ལས་མིའི་བསྡོམས་འབོར་དུང་ཕྱུར་2.87ཟིན་པ་དེ་2012ལོ་ལས་མི་ཁྲི་2391མང་དུ་ཕྱིན་པ་དང་། ལོར་ཆ་སྙོམས་མི་གྲངས་ཁྲི་480འཕར་བས་ལོར་ཆ་སྙོམས་འཕར་ཚད་1.8%ཟིན་པ་དང་། རྒྱལ་ཡོངས་ཀྱི་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་དུ་འགྱུར་ཚད་2012ལོའི་35.3%ནས་2017ལོའི་42.35%བར་འཕར་ནས་མི་ཁྲི་8000ལྷག་ཙམ་གྱི་ཞིང་ལས་ཀྱི་གཞན་སྒྱུར་མི་འབོར་དག་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིར་འགྱུར་ཡོད་པ་རེད། 2016ལོར་རྒྱལ་ཡོངས་ཀྱི་ཁྱིམ་ལས་ཞབས་ཞུར་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་3498བྱུང་བ་དང་། ལས་ཞུགས་མི་སྣ་མི་ཁྲི་2542ཟིན་པ་དག་ལོ་གོང་མ་ལས་26%དང་9.3%སོ་སོར་འཕར་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།