[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་ནོར་སྲིད་ཀྱིས《ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་གསུང་རབ་པོད་བརྒྱ》རྩོམ་འབྲི་དང་དཔེ་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-16

    “མུ་འབྲེལ་གྱི་རིག་གནས་གསུང་རབ”ཀྱི་གྲུབ་ཆ་གལ་ཆེན་གྲས་ཡིན་པའི《ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་གསུང་རབ་པོད་བརྒྱ》ཞེས་པའི་ནང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་ཚབ་མཚོན་ཆེ་ཤོས་ལྡན་པའི་གསུང་རབ་པོད་100བདམས་པ་དག་ནི་ཉིང་བཅུད་བསྡུས་པ་དང་ནང་དོན་གསར་པ་བཅུག་པའི་ཁར་གོ་བདེ་ཤེས་སླའི་ཐོག་ནས་འགྲེལ་པ་བརྒྱབ་སྟེ་རྒྱ་ཆེའི་ཀློག་པ་པོ་རིག་གཞུང་ལ་གཞི་ཚུགས་པ་དང་དམངས་བྱིངས་ཀྱིས་བལྟ་ཐུབ་པའི་གནའ་བོའི་གསུང་རབ་ཀློག་རྒྱུ་ཁྱབ་གདལ་གཏོང་བའི་དཔེ་དེབ་ཅིག་ཏུ་གང་ཐུབ་ཡོང་བར་བྱས་ཡོད།

    2017ལོའི་ལོ་སྟོད་དུ་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་འདུ་འགོད་ལག་ལེན་བསྟར་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་སྟེ་རྒྱལ་ཁབ་ཀྱི་འཐབ་ཇུས་ཐོག་ནས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་ལས་དོན་ཐད་བཀོད་སྒྲིག་བྱས་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱིས《བསམ་འཆར》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་འབྲེལ་ཡོད་སྡེ་ཚན་གྱིས“མུ་འབྲེལ་གྱི་རིག་གནས་གསུང་རབ”ཚུད་པའི་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་རྣམ་གྲངས་གཙོ་བོ་15སྒྲིག་འཛུགས་བྱས་ནས་ལག་ལེན་བསྟར་རྒྱུར་རྒྱབ་སྐྱོར་བྱས་ཤིང་། 2017ལོའི་ལོ་མཇུག་བར་སྒོར་ཁྲི་2670བཏང་ནས་དཔེ་དེབ་སྣེ་ཁ་10དངོས་སུ་དཔེ་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་དང་དཔེ་དེབ་སྣེ་ཁ་18ཀྱི་མ་དཔེ་རྩིས་སྤྲོད་ཀྱི་ལས་དོན་ལེགས་སྒྲུབ་བྱས་པ་མ་ཟད། རྗེས་མཐུད་ཀྱི་དཔེ་དེབ་སྣེ་ཁ་41འདེམས་པའི་ལས་དོན་ཡང་བསྒྲུབས་ཡོད། དེའི་ཁྲོད་དངོས་སུ་དཔེ་སྐྲུན་བྱས་པའི་ཁག་དང་པོའི་དཔེ་དེབ་ཁག་10ཡི་ནང་། 《སྤོར་ཐང》དང་། 《ཧྲང་ཧྲུའུ》 《སྙན་ཚིག》《ཁུང་ཙིའི་གསུང་སྒྲོས》 《མོང་ཙི》 《ལའོ་ཙི》 《ཀྲོང་ཙི》 《ཀོན་ཙི》 《སུན་ཙིའི་དམག་གི་བསྟན་བཅོས》 《ལོ་རྒྱུས་ཧྲི་ཅི་དེབ་ཐེར》བཅས་ཚུད་ཡོད།

    ནོར་སྲིད་པུས་གོམ་སྟབས་རྗེས་མར་ཀྲུང་དབྱང་ནོར་སྲིད་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་འདུ་འགོད་སྒྲིག་འཛུགས་ལག་བསྟར་བྱ་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱས་ནས་རིག་གནས་ཀྱི་ཉིང་བཅུད་སྐོར་རྒྱས་པར་གླེང་སྟེ་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གསར་གཏོད་ལྡན་པའི་ངང་གཞན་བསྒྱུར་དང་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་རྒྱུ་ཡིན་ལུགས་བརྗོད་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།