[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སློབ་གསོ་པུས་2020ལོར་སླེབས་སྐབས“མི་ཐབས་རིག་ནུས+X”མཉམ་འདྲེས་ཁྱད་ལྡན་ཆེད་ལས་100འཛུགས་རྒྱུ་ཡིན་ཞེས་བསྟན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-16

    ཉེ་ཆར། སློབ་གསོ་པུས《མཐོ་རིམ་སློབ་གྲྭའི་མི་ཐབས་རིག་ནུས་གསར་གཏོད་བྱ་སྤྱོད་ཀྱི་འཆར་གཞི》(གཤམ་དུ《འཆར་གཞི》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ཏེ“བཟོ་ལས་ཚན་ཁག་གསར་པ”འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་མི་ཐབས་རིག་ནུས་དེ་རྩིས་འཕྲུལ་དང་། ཚོད་འཛིན། རྩིས་རིག བསྡོམས་རྩིས་རིག་པ། དངོས་ཁམས་རིག་པ། སྐྱེ་དངོས་རིག་པ། སེམས་ཁམས་རིག་པ། སྤྱི་ཚོགས་རིག་པ། ཁྲིམས་རིག་པ་སོགས་རིག་ཚན་ཆེད་ལས་སློབ་གསོ་དང་མཉམ་འདྲེས་བྱ་རྒྱུར་མཐོང་ཆེན་བྱས་ཏེ“མི་ཐབས་རིག་ནུས+X”མཉམ་འདྲེས་ཆེད་ལས་སྐྱེད་བསྲིང་རྣམ་པ་གསར་པ་ཆགས་པ་བྱེད་དགོས་པ་དང་། 2020ལོར་སླེབས་སྐབས“མི་ཐབས་རིག་ནུས+X”མཉམ་འདྲེས་ཁྱད་ལྡན་ཆེད་ལས་100འཛུགས་རྒྱུ་དང་མི་ཐབས་རིག་ནུས་སློབ་གླིང་དང་། ཞིབ་འཇུག་ཁང་། མཉམ་འདྲེས་ཞིབ་འཇུག་ལྟེ་གནས་བཅས་50བསྐྲུན་དགོས་པའི་བླང་བྱ་བཏོན་པ་རེད། གོང་གསལ་ནི་གསར་འགོད་པར་ཚེས་11ཉིན་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བ་ཞིག་རེད།

    《འཆར་གཞིར》གཞིགས་ན། 2030ལོར་སླེབས་སྐབས་མཐོ་སློབ་ཀྱིས་འཛམ་གླིང་གི་མི་ཐབས་རིག་ནུས་གཙོ་བོའི་གསར་གཏོད་ལྟེ་གནས་བསྐྲུན་པའི་རྐང་འཛིན་སྟོབས་ཤུགས་དང་མི་ཐབས་རིག་ནུས་རབས་གསར་པའི་འཕེལ་རྒྱས་ལ་སྣེ་ཁྲིད་ཐུབ་པའི་ཤེས་ལྡན་པའི་མཐོ་ས་ཞིག་ཏུ་འགྱུར་བ་བྱས་ཏེ་རང་རྒྱལ་འདི་ཉིད་གསར་གཏོད་རྣམ་པའི་རྒྱལ་ཁབ་ཀྱི་གྲལ་དུ་ཚུད་རྒྱུར་ཚན་རྩལ་གྱི་འདེགས་སྐྱོར་དང་ཤེས་ལྡན་པའི་འགན་སྲུང་བྱ་རྒྱུ་ཡིན་པ་རེད།

    《འཆར་གཞིའི》ལས་འགན་གཙོ་བོའི་ནང་། མི་ཐབས་རིག་ནུས་རབས་གསར་པའི་རྨང་གཞིའི་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་། མི་ཐབས་རིག་ནུས་རབས་གསར་པའི་འགག་རྩའི་ལག་རྩལ་གཙོ་བོ་གསར་གཏོད་ལ་སྐུལ་འདེད་གཏོང་བ། རིག་ཚན་བཀོད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་བཀོལ་སྤྱོད་ལ་ཤུགས་སྣོན་རྒྱག་པ། རིག་ནུས་སློབ་གསོ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཚུད་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།