[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འཐུས་མི་སྨི་ཀྲུང་དབྱིས་བཟོ་བོའི་སྙིང་སྟོབས་དར་སྤེལ་བཏང་ནས་གསར་གཏོད་ལ་ཚད་འགལ་ཧུར་ཐག་ཡོང་བ་བྱེད་དགོས་ཞེས་གསུངས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-13

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྨི་ཀྲུང་དབྱི་ནི་ཧྲེན་དབྱང་བྱང་ཕྱོགས་ཀྱི་ལྕི་བའི་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིའི་བརྒྱུད་བསྐོར་སྒྲིག་ཆས་ཡན་ལག་ཀུང་སི་ནས་ཡིན་པ་དང་། 1983ལོ་ནས་བཟུང་། དཀྲུག་རྒྱག་བཟོ་པའི་ལས་ཀ་བྱས་པ་དང་། ལོ་30ལྷག་ཙམ་གྱི་རིང་དབྱར་དགུན་མེད་པར་དཀའ་བ་སྤྱད་པས་ད་ཆ་ཁོང་རིམ་མཐོའི་ལག་རྩལ་མཁས་པ་ཞིག་ཏུ་གྱུར་ཡོད། སྨི་ཀྲུང་དབྱི་མ་གཞི་བཟོ་པ་དཀྱུས་མ་ཞིག་ཡིན་མོད། འོན་ཀྱང་བརྩོན་འགྲུས་ཆེ་བ་དང་སློབ་སྦྱོང་བྱ་རྒྱུར་མཐོང་ཆེན་པོ་བྱེད་ཀྱི་ཡོད། ལོ་མང་རིང་གི་འབད་བརྩོན་ལྷོད་མེད་ལས་ཁོང་དཀྲུག་རྒྱག་དང་། བརྡར་བཅད། ཁུང་འབིགས་བཅས་དང་དེ་བཞིན་སྐམ་འཛིན་བཟོ་རྩལ་བྱང་ཆུབ་པར་གྱུར་བ་དང་དགེ་ཕྲུག་བཅུ་གྲངས་ལྷག་ཙམ་ཡང་ཚང་མ་ཀུང་སིའི་ལག་རྩལ་གྱི་རྐང་འཛིན་པར་གྱུར་ཡོད། སྨི་ཀྲུང་དབྱི་ལག་རྩལ་གྱི་འཇོན་ཐང་ཆེན་པོ་ཡོད་པ་མ་ཟད། ད་དུང་གསར་གཏོད་བྱ་རྒྱུར་དགའ་བས་སྐད་གྲགས་ཆོད་ཡོད། ཁོང་གི་འཆར་འགོད་ལ་གཞིགས་ནས་ལེགས་གྲུབ་བྱུང་བའི་ལས་སྣོན་བྱས་པའི་བཟོ་རྩལ་གྱིས་ཀུང་སིའི་ཐོན་རྫས་གསར་པ་གསར་སྤེལ་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པས་ལས་རོགས་ཚོས“ལག་རྩལ་ལེགས་བཅོས་མཁས་ཅན”ཞེས་འབོད་ཀྱི་ཡོད།

    སྨི་ཀྲུང་དབྱིས་གསར་གཏོད་ཀྱིས་ཁེ་ལས་འཕེལ་རྒྱས་བྱ་རྒྱུར་སྒུལ་ཤུགས་སྤྲད་པ་ཙམ་མ་ཟད། ད་དུང་བཟོ་བོའི་སྙིང་སྟོབས་རྒྱུན་འཛིན་བྱས་པ་ཞིག་ཀྱང་ཡིན། བྱ་བ་ཆུང་ངུ་ཚང་མ་ཏན་ཏན་ཏིག་ཏིག་སྒོ་ནས་ལེགས་པར་གྲུབ་པར་ཙག་ཙིག་ནས་དམ་འཛིན་བྱ་རྒྱུར་ལྷོད་གཡེང་གཏོང་མི་རུང་། དེ་འདྲ་བྱུང་ཚེ་རྩེར་སོན་ལག་རྩལ་གྱི་རྨང་གཞིའི་ཐོག་ཚད་བརྒལ་གསར་པ་དང་དེ་ལས་བརྒལ་ཐུབ་པའི་ངོས་འཛིན་གནང་གི་ཡོད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་ཐོན་བྱུང་བར་སྨི་ཀྲུང་དབྱིས་གཞི་རིམ་དུ་གཞི་ཚུགས་ནས་འཐུས་མིའི་འགན་འཁྲི་ལག་བསྟར་བྱ་རྒྱུ་དེ་གཟི་བརྗིད་ལྡན་པའི་བྱ་གཞག་ཏུ་བརྩིས་ཏེ་དུས་རབས་གསར་པར་བྱ་བ་གསར་པ་སྒྲུབ་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས།

    489963_yis_1520828718659.jpg

    འདི་ནི་སྨི་ཀྲུང་དབྱིས་ཧྲེན་དབྱང་བྱང་ཕྱོགས་ལྕི་བའི་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིའི་བརྒྱུད་བསྐོར་སྒྲིག་ཆས་ཡན་ལག་ཀུང་སིའི་འཁོར་ཁང་ནང་ལས་ཀ་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།