[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ།

    ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་སོགས་ཕེབས་པ།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ།ཀྲང་ཏེ་ཅང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-13

    489997_yis_1520830460948.jpg

    ཟླ་3ཚེས་11ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཤིང་། ཀྲང་ཏེ་ཅང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གནང་བ།

     ཚེས་11ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཏེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་མངགས་བཅོལ་ལྟར་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་གནང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གསན་པ་རེད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གི་གྲོས་གཞི་བརྡས་ཐག་གཅོད་ཐབས་ཀྱི་གཏན་འབེབས་གཞིར་བཟུང་། རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་མ་ཟིན་ལ་བརྡས་ཐག་བཅད་པ་དང་རང་མིང་མ་འགོད་པའི་འདེམས་ཤོག་འཕེན་ཐབས་སྤྱད་པ་བརྒྱུད། འཐུས་མི་ཡོངས་ཀྱི་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་གྱི་འདེམས་ཤོག་འཕངས་ཡོད། དུས་ཡུན་སྐར་མ་བཞི་བཅུ་ཙམ་ནང་འདེམས་ཤོག་སྤྲོད་པ་དང་། འདེམས་ཤོག་འབྲི་བ། འདེམས་ཤོག་འཕེན་པ། འདེམས་ཤོག་རྩིས་རྒྱག་པ་བཅས་བརྒྱུད་ཆུ་ཚོད་15དང་སྐར་མ་51ཐོག་ལས་དོན་མི་སྣས་འདེམས་ཤོག་རྩིས་རྒྱག་འབྲས་བུ་བཀླགས་པ་སྟེ། མི་2958ཀྱིས་མོས་མཐུན་འདེམས་ཤོག་འཕངས་པ་དང་། མི་2ཀྱིས་མོས་མཐུན་མེད་པའི་འདེམས་ཤོག་འཕངས་པ། མི་3གྱིས་འདེམས་ཤོག་འཕེན་དབང་དོར་བ་བཅས་རེད།

    ཝང་ཁྲེན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན》ལ་གྲོས་འཆམ་བྱུང་བའི་ཁྱབ་བསྒྲགས་གནང་མ་ཐག་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་ཚེས་11ཉིན་སྤྱི་བསྒྲགས་སྤེལ་ནས་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལག་བསྟར་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་མངགས་བཅོལ་ལྟར་ཀྲང་ཏེ་ཅང་གིས་ཚོགས་ཆེན་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གནང་བ་རེད།

    ཀྲང་ཏེ་ཅང་གིས་ཕྱོགས་བདུན་གྱི་ཐད་ནས་འདས་མ་ཐག་པའི་ལོ་ལྔའི་རིང་གི་ལས་དོན་གཙོ་བོ་ཕྱིར་དྲན་གནང་བ་སྟེ། གཅིག་ནས་ཁྱབ་ཁོངས་གཙོ་བོར་ཁྲིམས་འཛུགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རྩ་ཁྲིམས་ལྟེ་བར་བྱས་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་སྒོ་ཚང་དུ་བཏང་བ་དང་། གཉིས་ནས་ཁྲིམས་འཛུགས་ཀྱི་སྣེ་ཁྲིད་དང་སྐུལ་གཏོང་ནུས་པ་འདོན་སྤེལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྒྱུར་བཅོས་གལ་ཆེན་ལ་བཅའ་ཁྲིམས་ཀྱི་གཞི་འཛིན་ས་ཡོད་པ་དང་བདེ་བླག་ངང་ལག་བསྟར་ཐུབ་པའི་འགན་ལེན་བྱས་པ། གསུམ་ནས་ལྟ་སྐུལ་ལས་དོན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྩ་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་དང“སྲིད་གཞུང་གཅིག་དང་ཁང་གཉིས”ཀྱི་ལས་དོན་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ། བཞི་ནས་འཐུས་མིའི་ལས་དོན་ཟབ་ཏུ་དང་རྒྱ་ཆེར་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ། ལྔ་ནས་མི་དམངས་འཐུས་ཚོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་དང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་རྒྱལ་ཁབ་ཀྱི་སྲིད་དབང་འཛུགས་སྐྱོང་དང་ཏང་གི་ཡུན་རིང་སྲིད་འཛིན་རྨང་གཞི་བརྟན་དུ་བཏང་བ། དྲུག་ནས་མི་དམངས་འཐུས་ཚོགས་ཀྱི་ཕྱི་ཕྱོགས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་ཞབས་འདེགས་ཞུས་པ། བདུན་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ཏང་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཁྲིམས་བཞིན་འགན་འཁྲི་གཙང་སྒྲུབ་ཀྱི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བ་བཅས་རེད།

    ཀྲང་ཏེ་ཅང་གིས་ཕྱོགས་ལྔའི་ཐད་ནས་ལོ་ལྔའི་རིང་གི་ལས་ཀའི་མྱོང་ཚོར་གཙོ་བོ་ཕྱོགས་སྡོམ་གནང་བ་སྟེ། གཅིག་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་མི་དམངས་འཐུས་ཚོགས་ལམ་ལུགས་ཀྱི་ངོ་བོའི་བླང་བྱ་དང་ལེགས་ཆ་ཆེ་ཤོས་ཡིན་པས་ངེས་པར་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བློ་བརྟན་འགྱུར་མེད་ངང་མཐའ་འཁྱོངས་བྱེད་དགོས་པ་དང་། གཉིས་ནས་ཏང་གི་མཛུབ་ཁྲིད་དགོངས་པ་ནི་མི་དམངས་འཐུས་ཚོགས་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་དང་བྱ་སྤྱོད་ཀྱི་སྟོན་ཕྱོགས་ཡིན་པས་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས་པ། གསུམ་ནས་མི་དམངས་འཐུས་ཚོགས་ལམ་ལུགས་ནི་ཀྲུང་གོའི་མི་དམངས་རང་ཁྱིམ་རང་བདག་བྱེད་པའི་ཐབས་ལམ་གཙོ་བོ་དང་མངོན་འགྱུར་བྱ་ཐབས་ཡག་ཤོས་ཡིན་པས་ངེས་པར་དུ་མི་དམངས་རང་ཁྱིམ་རང་བདག་བྱ་རྒྱུ་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བ་དང་སྤྱི་ཚོགས་འཚོ་བའི་ཁྲོད་དོན་འཁྱོལ་ཏན་ཏིག་བྱེད་དགོས་པ། བཞི་ནས་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་དང་འགན་ལེན་གལ་ཆེན་ཡིན་པས་ངེས་པར་དུ་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་དགོས་པ། ལྔ་ནས་མི་དམངས་འཐུས་ཚོགས་ལམ་ལུགས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་གཡོ་སྒུལ་སྤུ་ཙམ་མི་ཐེབས་པར་མཐའ་འཁྱོངས་དང་དུས་བསྟུན་འཕེལ་རྒྱས་ངང་མི་དམངས་འཐུས་ཚོགས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་པ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།