[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཟུར་པ་ཁཱ་མའེ་ལུན་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-13

    ཚེས་11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཟུར་པ་ཁཱ་མའེ་ལུན་དང་མཇལ་འཛོམས་གནང་བ་རེད།

    དབྱིན་ཇིའི་དབུ་བཞུགས་བློན་ཆེན་གནང་རིང་ཁཱ་མའེ་ལུན་གྱིས་མཐོང་རྒྱ་ཆེ་ཞིང་ལྟ་བ་ཟབ་པའི་ངང་ཀྲུང་དབྱིན་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་བཏང་གནང་བ་དང་འབད་པ་ཧུར་ལེན་གནང་བར་ཞི་ཅིན་ཕིང་གིས་བསྔགས་བརྗོད་གནང་བ་རེད།

    ཞི་ཅིན་ཕིང་གིས་2015ལོར་ངས་དབྱིན་ཇིར་གྲུབ་འབྲས་ཐོན་པའི་སྒོ་ནས་རྒྱལ་དོན་འཚམས་འདྲི་བྱས་པ་ཡིན། ང་ཚོས་ཀྲུང་དབྱིན་འབྲེལ་བའི“རྫོགས་ལྡན་དུས་རབས”མཉམ་དུ་བཏོད་དེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་གསར་པ་སྦྱིན་ཡོད། ཁཱ་མའེ་ལུན་མཆོག་ནས་དབུ་བཞུགས་བློན་ཆེན་གནང་ཚུན། ཀྲུང་དབྱིན་འབྲེལ་བའི“རྫོགས་ལྡན་དུས་རབས”ཀྱི་ཁ་ཕྱོགས་ཆེན་པོ་མུ་མཐུད་མཐའ་འཁྱོངས་གནང་བས་ཀྲུང་དབྱིན་འབྲེལ་བ་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྣམ་པ་ཞིག་རྒྱུན་འཁྱོངས་བྱུང་ཡོད། མིག་སྔར་ཀྲུང་དབྱིན་ཕྱོགས་གཉིས་པོའི་མཐོ་རིམ་དབར་ལ་འགྲོ་འོང་ཆེ་རུ་ཕྱིན་པ་དང་། གཉིས་ཁེ་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྐོར་སྤེལ་རེས་མང་པོ་བྱུང་བ་བཅས་ལས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཁེ་ཕན་ཏན་ཏིག་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱིན་ཇི་ཕྱོགས་དང་སྦྲེལ་མཐུད་དང་། སྤེལ་རེས། མཉམ་ལས(“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་ནང་གཞི་རྒྱ་དེ་བས་ཆེ་བ་དང་། ཆུ་ཚད་དེ་བས་མཐོ་བ། རིམ་པ་དེ་བས་ཟབ་པ་བཅས་ཀྱི་གཉིས་ཁེ་མཉམ་ལས་བྱ་རྒྱུ་ཚུད་པ)བཅས་ལ་ཤུགས་སྣོན་བརྒྱབ་ནས“རྫོགས་ལྡན་དུས་རབས”ཀྱི་འཆར་གཞི་དེ་དེ་བས་མང་བའི“རྫོགས་ལྡན་འབྲས་བུར”འགྱུར་ཐུབ་པ་བྱ་རྒྱུ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཡུན་རིང་བརྟན་ལྷིང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།