[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ཁེ་ལས་ཁྲིས་གྲོང་ཚོ་ཁྲིར་རོགས་རམ་བྱེད་པའི”འཛད་སྤྱོད་ དབུལ་སྐྱོར་ཀུའེ་ཀྲོའུ་རུ་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-13

     ཚེས་10ཉིན་ཀུའེ་ཀྲོའུ་ཞིང་ཆེན་ཨན་ཧྲུན་གྲོང་ཁྱེར་དུ“ཁེ་ལས་ཁྲིས་གྲོང་ཚོ་ཁྲིར་རོགས་རམ་བྱེད་པའི”འཛད་སྤྱོད་དབུལ་སྐྱོར་བྱེད་འགོ་ཚུགས་ཏེ་ཁེ་ལས་སྟོང་ཕྲག་ཙམ་གནད་སྨིན་དབུལ་སྐྱོར་ནང་ཞུགས་པ་དང་ཤར་ནུབ་རྒྱུད་ཕྱར་བ་གྲུ་འདེགས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ཡོང་བར་རོགས་རམ་བྱས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི“ཁེ་ལས་ཁྲིས་གྲོང་ཚོ་ཁྲིར་རོགས་རམ་བྱེད་པའི”བྱེད་སྒོ་དེ་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་། ཀུའེ་ཀྲོའུ་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་ཡིན་ཞིང་། པེ་ཅིང་དང་། ཧྲང་ཧའེ། ཐེན་ཅིན། ཅང་སུའུ། ཀྲེ་ཅང་། ཕུའུ་ཅན། ཀོང་ཏུང་། ཁྲུང་ཆིང་། ཀུའེ་ཀྲོའུ་རང་ས་བཅས་ནས་ཡོང་བའི་དམངས་གཉེར་ཁེ་ལས་1180ཙམ་བྱེད་སྒོར་ཞུགས་ནས་ཞིང་ཞོར་ཐོན་རྫས་དང་བཟོ་རྩལ་ཐོན་རྫས་སྣ་ཚོགས་1656བཏོན་ཡོད། བྱེད་སྒོ་དེས་ཁེ་ལས་ལ་ཞིང་ཞོར་ཐོན་ཟོག་ཉོ་སྒྲུབ་དང་མངགས་ཉོའི་གན་རྒྱ་འཇོག་པའི་ཐབས་ལམ་སྤྱོད་རྒྱུར་ལྕག་སྐུལ་བཏང་ནས་མང་ཚོགས་དབུལ་པོའི་ངལ་རྩོལ་ཐོན་ཟོག་ཐོན་རྫས་རིན་ཐང་དུ་བསྒྱུར་བ་བྱས་པར་དབུལ་སྒྲོལ་བརྟན་པོ་བྱུང་སྟེ“ཁེ་ལས་ཁྲིས་གྲོང་ཚོ་ཁྲིར་རོགས་རམ་བྱེད་པའི”བྱ་སྤྱོད་ལ་སྐུལ་མ་ཐེབས་ནས་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་འགྲོ་ཐུབ་པ་བྱུང་ཡོད།

    ད་ཐེངས་ཀྱི“ཁེ་ལས་ཁྲིས་གྲོང་ཚོ་ཁྲིར་རོགས་རམ་བྱེད་པའི”བྱེད་སྒོ་དེས་གནད་སྨིན་དབུལ་སྐྱོར་ལ་དམིགས་ཏེ་ཕྱིར་ཚོང་ལས་སྟེགས་བཏོད་པ་དང་ཞབས་ཞུའི་མ་ལག་གསར་གཏོད་ཐོག་འཛད་སྤྱོད་དབུལ་སྐྱོར་ནང་ཞུགས་རྒྱ་ཆེ་རུ་བཏང་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོའི་ནང་ཞུགས་མཁན་ཞིང་ཆེན་བརྒྱད་ཀྱི་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀུའེ་ཀྲོའུ་ཞིང་ཆེན་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་འབྲེལ་ཡོད་གྲོང་ཁྱེར་དང་ཀྲོའུ་ཡི་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང《ཤར་ནུབ་རྒྱུད་ཀྱི་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀུའེ་ཀྲོའུ་ཡི་འཛད་སྤྱོད་དབུལ་སྐྱོར་ལ་ཕྱར་བ་གྲུ་འདེགས་ངང་རྒྱབ་སྐྱོར་བྱེད་པའི་གྲོས་མཐུན་ཡི་གེ》བཞག་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།