[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མེ་འཁོར་གྱི“གློག་རྡུལ་མིག”སྲུང་སྐྱོང་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-13

    དབྱང་ཅུན་ནི་དེ་སྔོན་ཀྲེང་ཀྲོའུ་མེ་འཁོར་ལམ་དུམ་གྱི་ས་ཚིགས་སུ་བཅའ་སྡོད་བྱེད་མཁན་གྱི་ཞིབ་བཤེར་པ་ཞིག་རེད། “དྲ་སྦྲེལ+”ལྕགས་ལམ་གྱི་དུས་རབས་གསར་པས་ཁོང་ལ་བདེ་འཇགས་ལྟ་ཞིབ་ཚད་ལེན་དང་སྒྲིག་ཆས་ཉམས་བཟོ་ཞིབ་བཤེར་གྱི་ལས་ཀ་གསར་པ་ཞིག་སྤྲད་པ་ནི་འཁོར་ལམ་ནང་སྦས་པའི“གློག་རྡུལ་མིག”སོགས་ལྟ་ཞིབ་ཚད་ལེན་གྱི་སྒྲིག་ཆས་འཁོར་རྒྱུག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དེ་རེད།

    471549_yis_1515732749843.jpg

    དཔྱིད་གསར་སྐྱེལ་འདྲེན་བྱེད་འགོ་ཚུགས་ལ་ཉེ་བ་དང་ཆབས་ཅིག་གངས་འཁྱགས་སྨུག་རྡུལ་སོགས་གནམ་གཤིས་ངན་པ་བསྟན་མང་བས“གློག་རྡུལ་མིག”ལ་སྐྱོན་ཕོག་སླ་བར་བརྟེན“གློག་རྡུལ་མིག”དེ་དག་གི་སྐྱོན་ཆ་མགྱོགས་མྱུར་སེལ་ཆེད། དབྱང་ཅུན་དང་ཁོང་གི་ལས་རོགས་ཚོས་དུས་དང་རྣམ་པ་ཀུན་ཏུ་བཀའ་སྒུག་ནས་སྡོད་ཀྱི་ཡོད་ཅིང་། མྱུར་བཟོའི་ལས་ཀ་ཐོན་མ་ཐག་འཕྲལ་དུ་གནས་ཚུལ་ཐོན་སར་མྱུར་བཟོ་བྱེད་པར་འགྲོ་གི་ཡོད། འདི་ནི་ཟླ་1ཚེས་11ཉིན་དབྱང་ཅུན(གཡས་ཀྱི་གཉིས་པ)དང་ཁོང་གི་ལས་རོགས་ཚོས་འཁོར་ལམ་གཙང་སེལ་དང་སྲུང་སྐྱོང་བྱེད་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།