[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཁ་ན་ཏའི་ཙུང་ལི་ཐེ་ལུའུ་ཏོ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-07

    459118_yis_1512536903271.jpg

    ཟླ་12ཚེས་5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་གི་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཁ་ན་ཏའི་ཙུང་ལི་ཐེ་ལུའུ་ཏོ་དང་མཇལ་འཛོམས་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཁ་ན་ཏའི་ཙུང་ལི་ཐེ་ལུའུ་ཏོ་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་ཀྲུང་ཁ་ཕྱོགས་གཉིས་པོས་དངོས་སྒྲུབ་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་དང་མཉམ་ལས་ཐད་ཀྱི་མི་མངོན་པའི་ནུས་པ་སྔོག་འདོན་གང་ལེགས་བྱས་ནས་ནུས་རྒྱུ་ནུས་ཁུངས་དང་། ཚན་རྩལ་གསར་གཏོད། མཁའ་ཐོག་འགྲིམ་འགྲུལ། དངུལ་རྩའི་ཞབས་ཞུ། དེང་རབས་ཞིང་ལས། གཙང་བཟོ་ལག་རྩལ་སོགས་ཁྱབ་ཁོངས་སུ་མཉམ་ལས་ཀྱི་བཀྲག་མདངས་འཚེར་ས་སྔར་བས་མང་པོ་གཏོད་དགོས། ཀྲུང་གོ་ཕྱོགས་ཀྱིས་སྟོབས་ཤུགས་ལྡན་པའི་ཀྲུང་གོའི་ཁེ་ལས་ཁ་ན་ཏར་མ་འཇོག་བྱེད་པར་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་འདོད་ཡོད་ལ་ཁ་ན་ཏའི་ཁེ་ལས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཧུར་ཐག་ཞུགས་རྒྱུར་དགའ་བསུ་ཡང་ཞུ་རྒྱུ་ཡིན། ཀྲུང་ཁ་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ལ་སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བ་ཟབ་མོ་ཡོད། ཕྱོགས་གཉིས་པོས་སློབ་གསོ་དང་། རིག་གནས། ཡུལ་སྐོར། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་ཁ་མཛའ་གྲོགས་སྔར་བས་མི་སེམས་སུ་ཟུག་པར་བྱེད་དགོས། ཕྱོགས་གཉིས་པོས་2018ལོའི་ཀྲུང་ཁའི་ཡུལ་སྐོར་ལོའི་ལས་དོན་ལེགས་པར་སྤེལ་དགོས། ཀྲུང་གོ་ཕྱོགས་ཀྱིས་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་གྲབས་གཉེར་བྱེད་པའི་བརྒྱུད་རིམ་ནང་ཁ་ན་ཏ་ཕྱོགས་ཀྱི་སྔོན་ཐོན་ཉམས་མྱོང་དཔྱད་གཞིར་འཛིན་འདོད་ཡོད། ཕྱོགས་གཉིས་པོས་གནམ་གཤིས་འགྱུར་ལྡོག་སོགས་ཁྱབ་ཁོངས་གལ་ཆེན་དང་དེ་བཞིན་ཕྱོགས་མང་སྒྲོམ་གཞིའི་ནང་གི་མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་ཁའི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་གོ་དོན་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་བསྟན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།