[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཁྲེན་ཏ་ཀོང་དང་གྲོས་མོལ་གནང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-15

    ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་13ཉིན་གྲོང་ཁྱེར་ཧ་ནོ་དབྱིའི་ཀྲུའུ་ཞིའི་ལས་ཤག་ཏུ་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཁྲེན་ཏ་ཀོང་དང་གྲོས་མོལ་གནང་བ་རེད།

    ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གྱི་སྤྱི་ཚོགས་རིང་ལུགས་གསར་བཅོས་སྒོ་དབྱེའི་བྱ་གཞག་ལ་སྐྱེ་སྟོབས་འབར་བར་རྟེན་འབྲེལ་ཞུས་གནང་བ་དང་ཆབས་ཅིག ཤན་ཀང་དུ་འཚོགས་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐུགས་གྲ་ལེགས་འགྲིག་བྱུང་བར་རྟེན་འབྲེལ་ཞུས་གནང་བ་རེད། ཞི་ཅིན་ཕིང་གིས་བསྟན་དོན། སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་དང་མཉམ་ལས་རོགས་ཟླ་གལ་ཆེན་ཡིན་པའི་ཆ་ནས། གཅིག་མཚུངས་ཀྱི་ཆབ་སྲིད་ལམ་ལུགས་དང་ཐུན་མོང་གི་འཕེལ་རྒྱས་དམིགས་ཚད་ཀྱིས་ཀྲུང་ཝེ་ཏང་གཉིས་དང་རྒྱལ་ཁབ་གཉིས་དང་དེ་བཞིན་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ལས་དབང་དམ་པོར་སྦྲེལ་ཡོད། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཀྲུང་ཝེའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ནས་ཀྲུང་ཝེའི་མཛའ་གྲོགས་འབྲེལ་བའི་གཞི་རྩའི་བྱེད་ཕྱོགས་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་ཧུར་ཐག་བསྐྲུན་རྒྱུ་ཡིན།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་ལ་གཏིང་ཟབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འགྲོ་བ་དང་ཀྲུང་ཝེ་སོ་སོའི་སྒྱུར་འཕེལ་ལས་འགན་དཀའ་ཚེགས་ཆེ་བའི་རྒྱབ་ལྗོངས་འོག ང་ཚོ་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་མཐོ་རིམ་གྱིས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས། ཀྲུང་ཝེའི་འབྲེལ་བའི་འཕེལ་རྒྱས་ཁ་ཕྱོགས་སྟངས་འཛིན་གྱིས་ཀྲུང་ཝེའི་འབྲེལ་བའི་གྲུ་གཟིངས་ཀྱིས་མཚོ་ལམ་ཡང་དག་པ་བརྒྱུད་དེ་མུ་མཐུད་རླབས་གཤགས་མདུན་སྐྱོད་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་པོས་ཕྱོགས་གཉིས་ཉོ་ཚོང་དངུལ་འབོར་བརྟན་པོའི་ངང་འཕར་བའི་རྣམ་པ་སྲ་བརྟན་དུ་གཏོང་བ་དང་ཆབས་ཅིག “རྒྱུད་གཅིག་ལམ་གཅིག”དང“བར་ཁྱམས་གཉིས་དང་འཁོར་རྒྱ་གཅིག”གི་འཛུགས་སྐྲུན་ཁ་གཏད་སྦྲེལ་མཐུད་བྱེད་མགྱོགས་སུ་བཏང་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཐོན་ནུས། ས་ཁོངས་བརྒལ་བའི་དཔལ་འབྱོར་མཉམ་ལས་ཁུལ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་གཙོ་གནད་རྣམ་གྲངས་དམ་འཛིན་ཡག་པོ་བྱེད་དགོས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་ཁྱབ་ཁོངས་ལ་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་ནས་དམངས་ཁྲོད་འགྲོ་འོང་རྒྱ་ཁྱབ་སྤེལ་ཏེ་རྒྱལ་ཁབ་གཉིས་ཀྱི་དམངས་ཚོགས་དང་ལྷག་པར་དུ་གཞོན་རབས་པ་ཚོའི་དབར་ཕན་ཚུན་ཤེས་རྟོགས་སྔར་བས་ཡག་པོ་ཐུབ་པར་བྱས་ཏེ་ཀྲུང་ཝེའི་འབྲེལ་བའི་དམངས་འདོད་རྨང་གཞི་བརྟན་དུ་གཏོང་དགོས། མི་མཐུན་ས་དོ་དམ་ཚོད་འཛིན་ཡག་པོ་བྱས་ནས་མཚོ་ཐོག་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་གིས་ཐུན་མོང་ཐོག་གསར་སྤེལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་ཀྱིས་ཐེངས་འདིའི་འཚམས་འདྲིའི་གྲུབ་འབྲས་ཕྱོགས་ཡོངས་ནས་དོན་འཁྱོལ་ཡག་པོ་བྱས་ཏེ་དུས་སྐབས་གསར་པའི་ཀྲུང་ཝེའི་འབྲེལ་བ་འཕེལ་རྒྱས་སྔར་བས་ཆེན་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

    ཁྲེན་ཏ་ཀོང་གིས་གསུངས་དོན། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་གནས་བབ་གཏན་འཁེལ་གནང་བར་རྟེན་འབྲེལ་ཞུས་པ་དང་ཆབས་ཅིག བློ་མཐུན་ཞི་ཅིན་ཕིང་སླར་ཡང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པར་རྟེན་འབྲེལ་ཞུས་པ་རེད། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་ཆེན་པོ་དང་དེ་བཞིན་ཀྲུང་གོས་རྒྱལ་སྤྱི་དང་ས་ཁུལ་ཞི་བདེ་དར་རྒྱས་ཡོང་ཆེད་ཕུལ་བའི་ལེགས་སྐྱེས་གལ་ཆེན་ལ་གདེང་འཇོག་མཐོ་པོ་བྱེད་ཀྱི་ཡོད། ཝེ་ཀྲུང་གཉིས་ཀྱི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་ཤུགས་སྣོན་བརྒྱབ་ནས་སྲ་བརྟན་དུ་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་དང་དེ་བཞིན་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་མ་ཟད། རྒྱལ་སྤྱི་དང་ས་ཁུལ་ཞི་བདེ་བརྟན་ལྷིང་ཡོང་རྒྱུར་ཡང་ཕན་པ་ཡོད་པས། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་རྒན་རབས་ཚོས་བཙུགས་པའི་ཝེ་ཀྲུང་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བ་རྒྱུན་འཛིན་ཡག་པོ་བྱས་ཐོག་ཞི་ཀྲུའུ་ཞིའི་ཐེངས་འདིའི་འཚམས་འདྲིའི་གྲུབ་འབྲས་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ། ཏང་གཉིས་དང་རྒྱལ་ཁབ་གཉིས་དབར་གྱི་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱས་ནས་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་ཀྱིས་ཝེ་ཀྲུང་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།