[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤུས་ཚད་སྤྱི་ཡོངས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་བཏོན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2017-09-14

     ཤིན་ཧྭ་གསར་འགྱུར་ཁང་གིས་ཚེས་12ཉིན་དབང་ཆ་ཐོབ་པ་བརྒྱུད《སྤུས་ཚད་མཐོར་གཏོང་བྱ་སྤྱོད་སྤེལ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཛུབ་ཁྲིད་བསམ་འཆར》གཏོང་སྤེལ་བྱས་པ་རེད། བསམ་འཆར་ནང་2020ལོར་སླེབས་སྐབས་རང་རྒྱལ་གྱི་མཁོ་སྤྲོད་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ་དང་། མཁོ་སྤྲོད་མ་ལག་གི་ལས་ཕྱོད་སྔར་བས་ཆེ་རུ་འགྲོ་བ། སྤུས་ལྡན་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ། སྤུས་ཚད་ཀྱི་ཆུ་ཚད་ཧྲིལ་པོ་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ་བཅས་བྱེད་དགོས་ཞེས་བཏོན་ཡོད།

    བསམ་འཆར་ནང་མཁོ་སྤྲོད་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་ནི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཀྱི་གཙོ་རྒོལ་ཁ་ཕྱོགས་ཤིག་དང་། ཐོན་རྫས་དང་ཞབས་ཞུའི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུ་ནི་མཁོ་སྤྲོད་མ་ལག་གི་ཆུ་ཚད་མཐོར་གཏོང་གི་ལས་འགན་གཙོ་བོ་ཞིག་ཡིན། སྤུས་ཚད་ཨང་དང་པོ་ཞེས་པ་རིན་ཐང་ཕྱོགས་སྟོན་དུ་བརྩི་རྒྱུ་མཐའ་འཁྱོངས་དང་མི་དམངས་མང་ཚོགས་ཀྱི་དགོས་མཁོ་བསྐང་རྒྱུ་དང་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་རྩ་བའི་དམིགས་ཡུལ་དུ་བརྩི་རྒྱུ་མཐའ་འཁྱོངས་བྱེད་དགོས་ཞེས་ནན་བཤད་བྱས་ཡོད།

    ཐོན་རྫས་དང་། འདུ་འགོད། ཞབས་ཞུ་བཅས་ཀྱི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ་བྱེད་དགོས་ཤིང་། སྤུས་ཚད་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་པ་དང་། རིག་ནུས་ཅན་དང་འཛད་སྤྱོད་མཛའ་གྲོགས་རྣམ་པའི་རིམ་པ་མཐོ་འབྲིང་གི་ཐོན་རྫས་མཁོ་སྤྲོད་བྱེད་ཤུགས་ཇེ་ཆེར་འགྲོ་བ། ཟུར་བསྣན་རིན་ཐང་མཐོ་བ་དང་སྤུས་ལེགས་ཞབས་ཞུ་མཁོ་འདོན་གྱི་བསྡུར་ཚད་སྔར་བས་མཐོ་རུ་འགྲོ་བ་བཅས་བྱས་ནས་ཀྲུང་གོའི་ལན་པར་དང་། ཀྲུང་གོའི་བཟོ་སྐྲུན། ཀྲུང་གོའི་ཞབས་ཞུ། ཀྲུང་གོའི་སྤུས་རྟགས་བཅས་ཀྱི་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ་བྱེད་དགོས་པ་དང་།

    ཐོན་ལས་འཕེལ་རྒྱས་ཀྱི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་འགྲོ་བ་བྱེད་དགོས་ཤིང་། ཁེ་ལས་ཀྱི་སྤུས་ཚད་དོ་དམ་ཆུ་ཚད་ཇེ་མཐོར་འགྲོ་བ་དང་། སྲོལ་རྒྱུན་ལེགས་ལྡན་ཁེ་ལས་ཀྱི་རིན་ཐང་འབྲེལ་ཐག་རིང་དུ་འགྲོ་བ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཀྱི་ཁྱད་ཆོས་སྔར་བས་མངོན་གསལ་དོད་དུ་འགྲོ་བ། ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་སྔར་བས་མགྱོགས་པོ་འགྲོ་བ། ལག་རྩལ་དང་། རྩལ་ནུས། ཤེས་བྱ་སོགས་རྒྱུ་རྐྱེན་གཙོ་བོར་བྱས་པའི་སྤུས་ཚད་འགྲན་རྩོད་རྣམ་པའི་ཐོན་ལས་ཀྱི་གཞི་རྒྱ་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ་བཅས་བྱས་ནས་སྤུས་ཚད་དང་ཕན་འབྲས་རྩེར་སོན་གྱི་འཛམ་གླིང་རིམ་པའི་ཐོན་ལས་ཁྱུ་ཚོགས་ཁག་གཅིག་ཆགས་པ་བྱེད་དགོས་པ།

    ས་ཁོངས་ཀྱི་སྤུས་ཚད་དང་ཆུ་ཚད་ཧྲིལ་པོ་ཇེ་མཐོར་འགྲོ་བ་བྱེད་དགོས་ཤིང་། ས་ཁོངས་ཀྱི་ནུས་པ་གཙོ་བོའི་ངེས་གནས་དང་ཐོན་ལས་བཀོད་སྒྲིག་བྱ་ཚུལ་སྔར་བས་ལུགས་མཐུན་ཡོང་བ་བྱེད་པ་དང་། ས་ཁོངས་ཀྱི་ཁྱད་ལྡན་ཐོན་ཁུངས་དང་། ཁོར་ཡུག་གི་གཤོང་ཚད། ཐོན་ལས་ཀྱི་རྨང་གཞི་སོགས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་ཐུབ་པ་བྱེད་པ། ཐོན་ལས་སྐས་རིམ་བཞིན་གཞན་སྒྱུར་དང་སྤུས་ཚད་མཐོར་གཏོང་ལ་གོམ་སྟབས་གཅིག་མཚུངས་སུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ས་ཁོངས་དཔལ་འབྱོར་ནས་ཕན་ཚུན་སྦྲེལ་མཐུད་དང་ཁྱད་ཅན་འཕེལ་རྒྱས་ཀྱི་ཆགས་སྟངས་ཤིག་མངོན་པར་བྱེད་དགོས་པ།

    རྒྱལ་ཁབ་ཀྱི་སྤུས་ཚད་རྨང་གཞིའི་སྒྲིག་བཀོད་ཀྱི་ནུས་ཕྱོད་གང་མང་ཐོན་པར་བྱེད་དགོས་ཤིང་། ཚད་འཇལ་དང་། ཚད་གཞི། ཞིབ་བཤེར་ཞིབ་དཔྱད། བདེན་མིན་ར་སྤྲོད་ཁས་ལེན་སོགས་རྒྱལ་ཁབ་ཀྱི་སྤུས་ཚད་རྨང་གཞིའི་སྒྲིག་བཀོད་མ་ལག་འཐུས་སྒོ་ཚང་དུ་འགྲོ་བ་དང་ཕན་འབྲས་ཆེན་པོས་འཁོར་རྒྱུག་ཐུབ་པ་དང་། ལག་རྩལ་ཆུ་ཚད་དང་ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་འགྲོ་བ། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ་བཅས་བྱས་ནས་ཚན་རྩལ་ཡར་ཐོན་དང་། ཐོན་ལས་རིམ་སྤོར། སྤྱི་ཚོགས་བཅོས་སྐྱོང་། ཕྱི་ཕྱོགས་འགྲོ་འོང་བཅས་ལ་འདེགས་སྐྱོར་སྔར་བས་ནུས་ལྡན་ཐུབ་པ་བྱེད་དགོས་པ་བཅས་སོ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།