[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལི་ཁེ་ཆང་གིས་རྒྱལ་སྤྱིའི་དཔལ་འབྱོར་དངུལ་རྩའི་སྒྲིག་གཞིའི་འགན་འཁུར་བ་གཙོ་བོ་དང“1+6”གི་གྲལ་སྒོར་གླེང་མོལ་ཚོགས་འདུ་འཚོགས་པ།

    ཀྲུང་གོའི་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་ རྒྱུར་མཉམ་དུ་གྲོས་བསྡུར་གནང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2017-09-14

     ཚེས་12ཉིན་གྱི་སྔ་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཏེའོ་ཡུས་ཐའེ་ཧྥང་ཧྭ་ཡོན་དུ་འཛམ་གླིང་དངུལ་ཁང་གི་ཧང་ཀྲང་ཅིན་ཡུང་དང་། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་ཙུང་ཚའེ་ལཱ་ཅ་ཏེ། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཨ་ཙེ་ཝེ་ཏུའོ། རྒྱལ་སྤྱིའི་ངལ་རྩོལ་བཟོ་པའི་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ལའེ་ཏེ། དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱི་དྲུང་ཆེ་ཀུ་ལི་ཡ། དངུལ་རྩ་བརྟན་པོའི་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁ་ཉི་བཅས་དང“1+6”གི་གྲལ་སྒོར་གླེང་མོལ་ཚོགས་འདུ་འཚོགས་པ་དང་། ཚོགས་འདུའི་དུས་མཚམས་གཉིས་པར“ཀྲུང་གོའི་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བའི”ནང་དོན་ལ་དམིགས་ནས་སྤེལ་རེས་ཟབ་མོ་གནང་བ་རེད།

    ལི་ཁེ་ཆང་གིས་མིག་སྔའི་ཀྲུང་གོའི་དཔལ་འབྱོར་དུས་བབ་ངོ་སྤྲོད་གནང་ཞིང་། ཁོང་གིས་ཉེ་བའི་ལོ་ཤས་རིང་རྙོག་འཛིང་ཆེ་བའི་རྒྱལ་སྤྱི་རྒྱལ་ནང་གི་ཁོར་ཡུག་དང་དཔལ་འབྱོར་ཆག་པའི་གནོན་ཤུགས་ཀྱི་མདུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ང་ཚོས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་། སྤྱི་ཁོག་སྙོམས་སྒྲིག་གི་ཐབས་ལམ་གསར་གཏོད། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ཡོད། ཀྲུང་གོའི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་གྱི་དུས་བབ་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་པ་དང་དཔལ་འབྱོར་དངོས་ཚན་གཙོ་བོའི་ཁྲོད་དཔལ་འབྱོར་འཕར་ཚད་ཨང་དང་པོར་སླེབས་ནས་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་30%ལྷག་ཙམ་ཟིན་པ་དང་། བཀན་ཤིང་གི་ཚད་གཞི་བརྟན་པོའི་ཁྲོད་ཆག་ཡོད། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་མགྱོགས་མྱུར་གཅིག་སྡུད་ཐུབ་པ་བྱུང་བ་དང་འབྲེལ། ཞབས་ཞུའི་ལས་རིགས་གསར་གཏོད་ཀྱི་འཕར་སྣོན་རིན་ཐང་དང་། ཁྲལ་བསྡུ། ལས་ཞུགས་ལས་གནས་བཅས་ཐོན་ལས་ཁག་གི་ཨང་དང་པོར་སླེབས་ཡོད་པ་དང་འཛད་སྤྱོད་དེ་ཉིད་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་མཁན་གྱི་སྒུལ་ཤུགས་ཨང་དང་པོར་གྱུར་ཡོད་ཅེས་གསུངས་པ་རེད།

    ཚོགས་ཞུགས་རྒྱལ་སྤྱིའི་དཔལ་འབྱོར་དངུལ་རྩའི་སྒྲིག་གཞིའི་འགན་ཁུར་བས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་དང་ཕྱོགས་སྒྱུར་རིམ་སྤོར་གྱི་འཕེལ་ཕྱོགས་སྟོབས་དང་ལྡན་ལ་མདུན་ལམ་ཡང་དེ་བས་བཟང་པོ་ཡོད། གྲུབ་འབྲས་དེ་དག་ནི་ནུས་ལྡན་གྱི་སྤྱི་ཁོག་སྲིད་ཇུས་དང་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་བྱེད་ཐབས་ལས་བྱུང་བ་ཞིག་ཡིན་ལ། དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་དབྱར་མཚོ་རྒྱས་པའི་རྣམ་པ་དང་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་ལས་བྱུང་བའི་འབྲས་བུ་ཞིག་ཀྱང་རེད། ཀྲུང་གོས་སྒོ་དབྱེ་གཉིས་ཕན་གྱི་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་པ་དང་གསར་གཏོད་རང་བཞིན་གྱི་དཔལ་འབྱོར་དངོས་ཚན་གྱི་དྲ་ཐོག་ཚོང་དོན་ཡིན་པའི་ངོས་ནས་མཉམ་སྤྱོད་དཔལ་འབྱོར་སོགས་གྲངས་འཛིན་ལག་རྩལ་གྱི་བཀོལ་སྤྱོད་ཁྱབ་ཁོངས་ནང་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད་པ་རེད། གཡུར་ཟའི་གྲུབ་འབྲས་དེ་དག་གིས་རྒྱལ་ཁབ་གཞན་ལ་མིག་དཔེར་འོས་པའི་འཕེལ་རྒྱས་ཀྱི་ཉམས་མྱོང་མཁོ་འདོན་བྱས་ཡོད། ཀྲུང་གོས་སྒྱུར་བཅོས་སྒོ་དབྱེའི་འཕེལ་རིམ་ལ་སྐུལ་འདེད་བཏང་བ་དེས་ཀྲུང་གོ་རང་ཉིད་དང་འཛམ་གླིང་གི་དཔལ་འབྱོར་ལ་གོ་སྐབས་དེ་བས་མང་པོ་བསྐྲུན་རྒྱུའི་ཡིད་ཆེས་ཡོད། རྒྱལ་སྤྱིའི་དཔལ་འབྱོར་དངུལ་རྩའི་སྒྲིག་གཞིས་ཀྲུང་གོ་དང་མཉམ་ལས་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ་དང་ཀྲུང་གོའི་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་ལ་གྲུབ་འབྲས་དེ་བས་ཆེ་བ་ཐོབ་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཐུན་མོང་ཐོག་དེ་བས་སྒོ་དབྱེ་དང་། དེ་བས་གསོན་ཤུགས་ལྡན་པ། དེ་བས་བསྟུན་མཁས་བཅས་ཀྱི་འཛམ་གླིང་དཔལ་འབྱོར་བསྐྲུན་རྒྱུ་ཡིན་ཞེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།