[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲང་ཀའོ་ལི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་གཏམ་བཤད་ཀྱང་གནང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2017-09-14

    ཚེས་12ཉིན་གྱི་སྔ་དྲོ་ཀོང་ཤིས་ནན་ཉིང་དུ་སྐབས་བཅུ་བཞི་པའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་དང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་དང་མ་འཇོག་དབུ་ཚོགས་འགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གཏམ་བཤད་ཀྱང་གནང་བ་རེད།

    ཀྲང་ཀའོ་ལིས་ཀྲུང་གོས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་གྱི་མཛའ་མཐུན་མཉམ་ལས་བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་གཏོང་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དེ་བས་ཟབ་པའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་གཏོད་དགོས། དེ་ཨེ་ཤེ་ཡའི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་དཔེ་མཚོན་དུ་འགྱུར་བ་བྱེད་དགོས་ཞེས་བཏོན་གནང་ཡོད། ཀྲུང་གོས་བྱམས་བརྩེ་དང་། ཟོལ་མེད། ཕན་པ། བསྟུན་མཁས་བཅས་ཀྱི་འདུ་ཤེས་མུ་མཐུད་བཟུང་སྟེ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ལག་གདང་སྦྲེལ་ནས་དུས་རབས་21གི་མཚོ་ཐོག་དར་གོས་ལམ་བུ་བསྐྲུན་པའི་ལེའུ་གསར་པ་ཞིག་ཐུན་མོང་ཐོག་རྩོམ་འདོད་ཡོད་དེ། གཅིག་ནས་ཕྱོགས་གཉིས་པོའི་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་དགོས་ཤིང་། “ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་2030ལོའི་ཕུགས་འདུན”ཇུས་འགོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ས་ཁོངས་ཀྱི་འཐབ་ཇུས་དང་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་དང་སྦྲེལ་མཐུད་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་རྒྱུ། རྫ་ཆུ་དང་མེ་ཀུང་གཙང་པོའི་དབར་གྱི་མཉམ་ལས་དང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཤར་རྒྱུད་འཕར་ཁུལ་སོགས་ས་ཁོངས་ཆུང་ངུའི་མཉམ་ལས་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་དང་། གཉིས་ནས་རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་བྱེད་ཟབ་ཏུ་གཏོང་དགོས་ཤིང་། དྭངས་གཙང་ནུས་རྒྱུ་དང་། དེང་རབས་འཕྲིན་གཏོང་། དེ་བཞིན་ཨར་འདམ་དང་། གློག་ཤུགས། ངར་ལྕགས་སོགས་ཐོན་ནུས་མཉམ་ལས་གོ་རིམ་ལྡན་པའི་ངང་བྱས་ཏེ་ཀྲུང་གོའི་མངའ་ཁོངས་ཕྱིའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཁུལ་གྱི་ཐོན་ལས་གཅིག་སྡུད་ནུས་པ་འདོན་སྤེལ་བྱ་རྒྱུ་དང་ཐོན་ལས་རིམ་སྤོར་བརྒྱུད་རྒྱུན་མཐུད་འཕེལ་རྒྱས་དང་ཐུན་མོང་དར་རྒྱས་ཡོང་བ་བྱ་རྒྱུ། གསུམ་ནས་དཔལ་འབྱོར་ཚོང་དོན་མཉམ་ལས་ཇེ་ཟབ་ཏུ་གཏོང་དགོས་ཤིང་། 《“རྒྱུད་གཅིག་ལམ་གཅིག”གི་ཚོང་དོན་ཤར་གཏོང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་གྲོས་འགོ》སོགས་ཐུན་མོང་ཐོག་དོན་འཁྱོལ་བྱེད་པ། ཕྱོགས་གཉིས་པོའི་མ་འཇོག་ཐེབས་རྩ་དང་སྤྱི་ཚོགས་ཀྱི་རྒྱུ་ནོར“རྒྱུད་གཅིག་ལམ་གཅིག”གི་གཙོ་གནད་རྣམ་གྲངས་ནང་སྤྱོད་རྒྱུར་ཁྲིད་སྟོན་བྱེད་པ་བཅས་བྱས་ནས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ཁུལ་རིམ་སྤོར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། བཞི་ནས་ཕན་ཚུན་སྦྲེལ་མཐུད་དང་མཉམ་ལས་ཟབ་ཏུ་གཏོང་རྒྱུ་ཡིན་ཞིང་། འགག་རྩའི་འགྲོ་ལམ་དང་། འགག་རྩའི་གྲོང་ཁྱེར། འགག་རྩའི་རྣམ་གྲངས་བཅས་ལ་དམིགས་ཏེ་སྐམ་ཐོག་དང་། མཚོ་ཐོག མཁའ་ཐོག དྲ་ཐོག་བཅས་ཕྱོགས་བཞི་གཞི་གཅིག་གི་སྦྲེལ་མཐུད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ས་ཁོངས་རྨང་གཞིའི་སྒྲིག་བཀོད་ཀྱི་དྲ་རྒྱ་བསྐྲུན་མགྱོགས་སུ་གཏོང་རྒྱུ་བཅས་རེད་ཅེས་གསུངས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།