[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་དེ་རིང་ནས་བརྒྱུད་སྤྲོད་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-10

    ཚེས་8ཉིན་གྱི་སྔ་དྲོ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་བརྒྱུད་སྤྲོད་བྱེད་པའི་འགོ་ཚུགས་མཛད་སྒོ་དང་2017ལོའི“དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོའི”བྱེད་སྒོ་སྤེལ་འགོ་འཛུགས་པའི་མཛད་སྒོ་ཐེན་ཅིན་དུ་འཚོགས་པ་རེད། ད་ཐེངས་ཀྱི་དཔལ་འབར་བརྒྱུད་སྤྲོད་དེ་ཐེན་ཅིན་གྲོང་ཁྱེར་ཧོ་ཕིང་ཁུལ་ས་ཚིགས་དང་པོར་བྱས་ཏེ་ཐེན་ཅིན་གྲོང་ཁྱེར་གྱི་སྲིད་འཛིན་ཁུལ་16ཏུ་བརྒྱུད་སྤྲོད་བྱས་ནས་ཟླ་8ཚེས་27ཉིན་གྱི་དགོང་མོ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཚོགས་ར་སྟེ་ཐེན་ཅིན་ཨོ་ལིམ་ཕིག་ལུས་རྩལ་ལྟེ་གནས་ཀྱི་ལུས་རྩལ་ཐང་དུ་བརྒྱུད་སྤྲོད་བྱ་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་བརྒྱུད་སྤྲོད་བྱེད་སྐབས་ཐེན་ཅིན་གྲོང་ཁྱེར་གྱི་སྲིད་འཛིན་ཁུལ་16བརྒྱུད་དགོས་པས་ཁུལ་ཁག་གིས་དཔལ་འབར་བརྒྱུད་སྤྲོད་བྱེད་རིང་གི་ལམ་རྒྱུད་ཚང་མའི་མཛེས་ལྗོངས་ལྟ་ན་སྡུག་པ་དང་བགྲོད་ལམ་ཞེང་ཁ་ཆེ་བ་ཤ་སྟག་བདམས་ཏེ་མང་ཚོགས་ལྟ་བདེ་པོ་ཡོང་བར་བྱས་ཡོད་པ་རེད། དཔལ་འབར་སྒྲེང་མཁན་ནི་ཐེན་ཅིན་གྲོང་ཁྱེར་གྱི་སྲིད་འཛིན་ཁུལ་ཁག་དང་ལས་རིགས་ཁག་གི་སྔོན་ཐོན་འཐུས་མི་དང་། སྤྱི་ཚོགས་ཐོག་གི་གྲགས་ཅན་མི་སྣ། ལུས་རྩལ་ལས་རིགས་ཀྱི་འཐུས་མི། དེ་བཞིན་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་རོགས་སྐྱོར་ཚོང་པའི་འཐུས་མི་བཅས་ལས་གྲུབ་པ་དང་ཁྱོན་མི་600ཡོད་པའི་ནང་ལོ་ན་མཐོ་ཤོས་82དང་ཆུང་ཤོས་14ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།